( པར་ངོས་དང་པོར་མཐུད།)
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། ཕུའུ་ཨར་མི་རིགས་མཐུན་སྒྲིལ་དམ་བཅའི་རྡོ་རིང་ལ་མནའ་ཚིག་བཞག་པའི་འཐུས་མིའི་མི་རབས་རྗེས་མར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལས་མི་རིགས་གནད་དོན་དང་མི་རིགས་ལས་དོན་གྱི་འབྲེལ་ཡོད་རིགས་གཞུང་དང་ལག་ལེན་གྱི་གནད་དོན་གལ་ཆེན་གསལ་བཤད་གཏིང་ཟབ་གནང་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་མཐོང་ཆེན་ཚད་མཐོན་པོ་གནང་བ་མཚོན་པ་དང་།ད་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། རང་རྟོགས་ངང་འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་རྣམ་པའི་འོག་མི་རིགས་ལས་དོན་ཡག་པོ་བསྒྲུབས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཧུར་ཐག་བསྐྲུན་པ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། མི་རིགས་ཁག་གི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱ་དགོས།མི་རིགས་ཁག་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་མཉམ་འདྲེས་དང་ཞབས་འདེགས་ཧུར་ཐག་ཞུ་བ། ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་བསྐང་དགོས། དུས་དང་རྣམ་པ་ཀུན་ཏུ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་བཟུང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏང་དགོས། གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང་དང་མི་སྒེར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་སུ་མི་རིགས་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་བཟང་པོ་གཏོད་དགོས།
ཚོགས་འདུའི་ཐོག་སྤྱི་ཟླ9ཚེས26ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
ཚོགས་འདུའི་ཐོག2024ལོའི་སི་ཁྲོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་དང་ཀྲུང་གོའི(སི་ཁྲོན)རྒྱལ་སྤྱིའི་ཡུལ་སྐོར་མ་འཇོག་ཚོགས་ཆེན་སྐབས་བཅུ་བཞི་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
ཚོགས་འདུའི་ཐོག《དཀར་མཛེས་ཁུལ་གྱི་དུས་རབས་གསར་པའི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ》དང《དཀར་མཛེས་ཁུལ་གྱི་དུས་རབས་གསར་པའི་འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ》སོགས་ཡིག་ཆར་གྲོས་ཞིབ་བྱས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)