国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་མཛའ་གྲོགས་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་པའི་ཕྱི་རྒྱལ་གྱི་མགྲོན་པོར་ཐུག་འཕྲད་གནང་བ།

( པར་ངོས་དང་པོར་མཐུད།)

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་འདི་ཉིད་སླར་ཡང་ལོ་རྒྱུས་ཀྱི་བཞི་མདོར་ལངས་ཡོད། ལོ་བརྒྱའི་འགྱུར་ལྡོག་འོག་གོ་ལའི་ཧྲིལ་པོ་ནི་བདེ་སྡུག་མཉམ་མྱོང་དང་མིའི་རིགས་ཀྱི་ལས་དབང་གཅིག་ཏུ་འབྲེལ་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མདུན་ལམ་གནས་ས་ཡིན། ཀྲུང་གོས་རྒྱལ་ཁབ་ཁག་གི་གྲོགས་པོ་དང་མཛའ་གྲོགས་སྤེལ་རེས་ལ་ཤུགས་སྣོན་པ་དང་། དམངས་ཁྲོད་ཕྱི་འབྲེལ་གྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད།

གཅིག་ནི“འཛམ་གླིང་མཉམ་གནས”ཀྱི་སྙིང་སྟོབས་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་ཆགས་པར་བྱ་དགོས་པ་དང་། ཞི་བདེ་དང་འཕེལ་རྒྱས། དྲང་གཞག། དྲང་བདེན།  རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་བཏང་སྟེ། ང་ཚོ་མཉམ་དུ་འཚོ་བ་སྐྱེལ་བའི་སའི་གོ་ལ་དེ་ཞི་བདེ་དང་འཆམ་མཐུན། ཞི་མཐུན་བཅས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་འཛུགས་སྐྲུན་བྱ་དགོས།

གཉིས་ནས་མཉམ་ལས་མཉམ་རྒྱལ་གྱི་འདུ་ཤེས་ལ་བརྟེན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱ་དགོས། ཀྲུང་གོས་རང་ཉིད་གཅིག་པུའི་ཁེ་ཕན་དོན་གཉེར་མི་བྱེད་པར། ཕྱི་རྒྱལ་གྱི་གྲོགས་པོ་སྔར་ལས་མང་པོ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཧུར་ཐག་གིས་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པས་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་ཟམ་མི་ཆད་པར་འདོན་སྤྲོད་བྱས་ཏེ། ཞི་བའི་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་གི་དེང་རབས་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་དགོས།

གསུམ་ནས་སྒོ་དབྱེ་བསྟུན་མཁས་ཀྱི་སྙིང་སྟོབས་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་དཔལ་ཡོན་གྱི་རི་མོ་ཞིག་འབྲི་དགོས། ཀྲུང་ཧྭ་མི་རིགས་ནི་སྒོ་འབྱེད་ཁོང་ཡངས་ཀྱི་མི་རིགས་ཤིག་ཡིན་པ་དང་། ཀྲུང་གོ་མི་དམངས་ནི་སེམས་བཟང་མཛའ་གྲོགས་ཀྱི་མི་དམངས་ཤིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་གཞི་ལག་ལེན་བསྟར་ཏེ། ཟོལ་མེད་ཀྱི་འབྲེལ་གཏུག་ལ་བརྟེན་ནས་ཤེས་རྟོགས་ཇེ་ཟབ་ཏུ་གཏོང་བ་དང་། མཛའ་གྲོགས་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་ཡོན་སྤེལ་རེས་ལ་བརྟེན་ནས་དཔལ་ཡོན་གྱི་འགལ་རྐྱེན་ལས་བརྒལ་བ་དང་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པ་དེ་དཔལ་ཡོན་གྱི་གདོང་ཐུག་ལས་བརྒལ་བར་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་དང་། ཀྲུང་གོ་སྲིད་གཞུང་ནི་མི་དམངས་ཀྱི་སྲིད་གཞུང་ཞིག ཀྲུང་གོའི་ཕྱི་འབྲེལ་ནི་མི་དམངས་ཀྱི་ཕྱི་འབྲེལ་ཞིག་ཡིན། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་དམངས་ཀྱི་མཛའ་གྲོགས་འཕེལ་རྒྱས་གཏོང་བ་དང་རྒྱལ་སྤྱིའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་ཀྲུང་གོ་སྲིད་གཞུང་གིས་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། མཛའ་གྲོགས་འབྲེལ་ཟམ་དུ་བྱེད་པ་དང་གཅིག་སེམས་གཅིག་སྦྲེལ་གྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་དམངས་ཁྲོད་མཛའ་གྲོགས་རྒྱུན་ཆད་མེད་པར་ཇེ་ཟབ་དང་། རྒྱལ་ཁབ་ཁག་གི་གྲོགས་པོ་རྣམས་ལ་མཐུན་སྒྲིལ་བྱས་ཏེ། ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལག་ལེན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནང་ཞུགས་མཁན། དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པ་དང་དམངས་སེམས་གཅིག་མཐུན་གྱི་སྐུལ་འདེད་པ། མི་དམངས་ཀྱི་མཛའ་གྲོགས་བྱ་གཞག་གི་རྒྱུན་འཛིན་པ་བཅས་བྱ་རྒྱུ་ཡིན།

ནི་ཀྲེ་རི་ཡའི་ཙུང་ཐུང་ཟུར་པ་ཨའོ་པ་སང་ཆའོ་དང་། ཡའོ་ནན་གྱི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ་ཕོ་ཆིན། ཨ་རིའི“ཀུའུ་ལིང་གི་གྲོགས་པོ”སྐོང་བསྡུ་བྱེད་མཁན་མུའུ་ཡན་ལིང་བཅས་ཀྱིས་ཕྱི་ཕྱོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད། ཁོང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་དམངས་ཁྲོད་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བསམ་ཤེས་དང་མཛའ་གྲོགས་ཇེ་ཟབ་ཏུ་གཏོང་བའི་ཐད་བཏོན་པའི་དམིགས་བསལ་གྱི་ནུས་པར་ཚད་མཐོའི་གདེང་འཇོག་གནང་བར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་ཀྲུང་གོས་གྲུབ་འབྲས་ཐོབ་པའི་ངང་དབུལ་སྒྲོལ་ཐུབ་པ་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཏེ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རེ་བའི་སྒྲོན་སྟེགས་སུ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་གྲོས་གཞིས་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་པར་མིག་རྒྱང་རིང་བའི་ལྟ་བ་ཟབ་མོ་དང་འགན་འཁྲི་འཁུར་སེམས་མཚོན་ཡོད་པར་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་དབར་མཉམ་ལས་དམ་ཟབ་དང་གཉིས་ཕན་མཉམ་རྒྱལ་ཡོང་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས། ཀྲུང་གོའི་འཕེལ་རྒྱས་དང་དར་རྒྱས་ཀྱིས་འཛམ་གླིང་ལ་མུ་མཐུད་དུ་བདེ་སྐྱིད་བསྐྲུན་ཐུབ་ངེས་ཡིན། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་མཛའ་གྲོགས་སྤེལ་རེས་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ཏེ་མི་དམངས་ཀྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས། དར་རྒྱས་བཅས་ཀྱི་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་པར་བསྟན།

ཕྱི་རྒྱལ་གྱི་སྔོན་གྱི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་། རྒྱལ་པོ་ཚང་གི་ཁོངས་མི། རྒྱལ་སྤྱིའི་མཛའ་གྲོགས་རྩ་འཛུགས་ཀྱི་འགན་འཁུར་བ། མཛའ་གྲོགས་མི་སྣ་སོགས་མི200ཙམ་ཚོགས་འདུར་ཞུགས་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་ཐུག་འཕྲད་ལ་ཞུགས་པ་རེད།།

(ཀྲུང་གོ་བོད་ཀྱི་དྲ་བ་ནས་དྲངས།)