ཕོར་རྐང་། དངོས་མིང་ཤེས་རབ་བརྩོན་འགྲུས་ཟེར། ཉིས་སྟོང་ལྔ་ལོར་ཕ་ཡུལ་རྫ་ཆུ་ཁའི་འབྲོག་སྡེ་ཞིག་ཏུ་སྐྱེས་། ནར་སོན་གྱི་བབ་དང་བསྟུན་ནས་དགའ་ཕྱོགས་ལ་འགྱོད་མེད་ཀྱི་འབད་པ་རེ་བྱས་མྱོང་། ན་ཚོད་འདིར་མཁས་མིང་འཛིན་པ་དང་མི་ཆེན་དཔོན་ཆེན་ཚོར་ངོ་སྲུང་དང་མགོ་བོ་སྒུར་མ་ཐུབ་པའི་ཆོབ་ཚ་བོའི་གཤིས་ཀ་ཞིག་ཡོད། 《ཁམས་པའི་ཚགས་པར》 《རྔ་བའི་ཚགས་པར》 《གཡུ་ལུང་ཚགས་པར།》《ཁམས་པའི་དྲྭ་བ》 《ལང་ཚོའི་ཟིལ་བའི་ལོ་དེབ།》 སོགས་ཀྱི་གཙོར་བྱས་པའི་ཚགས་པར་དང་དུས་དེབ་གང་མང་ལ་རྩོམ་ལྔ་བཅུ་ལྷག་བཀོད་མྱོང་། མི་སྒེར་གྱི་སྙན་དེབ་ཐོག་མ་《ན་བུན》ཡོད།