མི་ཚོགས་ཀྱི་འདུ་འཛི་ཅི་ཙམ་ཆེ་ན།
ཁེར་ཧྲེང་གི་སྣང་བས་རྒྱང་རིང་སྙེགས།
འདྲིས་པའི་མི་དག།
འཁྲུལ་སྣང་གིས་ར་བཟི་བར་གྱུར།
རྟ་ཕོ་ནག་ནག་ཅིག་ལ་བཞོན་ནས།
སེམས་ཀྱི་སྨུག་པ་མཐའ་རུ་བསྐྲད་ནས།
དཔྱིད་ཀ་སླེབས་པའི་རྟགས་སུ།
མེ་ཏོག་གི་ས་བོན་ཏ་ལེན་གང་ཁྱེར་ནས།
ཁྱོད་ཀྱི་ནས་ཆང་གི་སྐྱུར་ཁའི་ཁྲོད་
དུ་ཡོང་།