国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཐོར་དབྱངས།

ཡར་ཀླུང་ཕྱོགས་ཀྱི་ལྷ་ཆུ།།

ཧུབ་གང་འཐུང་ན་བསམ་བྱུང་།།

བརྩེ་འདང་ཆེ་བས་རེད་དམ།།

བཀྲེས་སྐོམ་ཆེ་བས་ཡིན་ནམ།།

སྟོད་ཀྱི་གངས་དཀར་རི་བོ།།

ཐེངས་གཅིག་འཇལ་ན་འདོད་བྱུང་།།

བྱིན་རླབས་ཆེ་བས་རེད་དམ།།

སྔོན་གྱིས་ལས་འཕྲོས་ཡིན་ནམ།།

གཙང་པོ་ཐོར་གྱིས་བཞུར་ཡང་།།

ཉ་མོ་རྙི་ལ་ཚུད་འདུག།

གཞས་ཤིག་གཏང་རྒྱུ་བརྗེད་སོང་།།

སྒུག་འདོད་ཟེར་སྙིང་མ་བྱུང་།།

དབུས་གཙང་ཡུལ་གྱི་ནས་ཆང་།།

ལན་གཅིག་བཞེས་འདོད་བྱུང་སོང་།།

གཞན་ལ་ནས་ཆང་ཡོད་ཀྱང་།།

བཞེས་འདོད་སེམས་ལ་མི་འདུག།

སྤྲེལ་སྲིན་ཕོ་མོའི་གཏམ་རྒྱུད།།

ཐོས་པའི་རེ་སྐུལ་ཆེ་བས།།

དབེན་གསུམ་རི་ངོགས་བརྒྱུད་ནས།།

དཀའ་སྡུག་བརྒྱུད་ནས་ཐོས་འདོད།།

སྨྲེང་བའི་གསང་ལམ་བརྒྱུད་ནས།།

རྨི་ལམ་ནང་གི་ལྷ་ལ།།

གཞས་ཤིག་གཏང་འདོད་བྱུང་ཡང་།།

རླུང་ནག་ཅིག་གིས་བཅད་སོང་།།