ང་ནི་གྲིབ་གཟུགས་མེད་པའི་རྔོན་པ་
ཞིག་ཡིན།
རྟག་ཏུ་ཁྱེད་ཀྱི་དྲན་ཤེས་བཙལ།
བརྩེ་བའི་ཀློང་དུ་འཁྱུད།
ཁྱེད་རང་ནམ་རྒྱུན་ངས་རྨི་ལམ་དུ་འཁོར།
བྱ་ཁྱུའི་རྒྱང་རིང་སྙེག་པ་དང་།
སྐར་མས་བརྟན་སྐར་སྐོར་བ་བཞིན།
ངའི་དགའ་ཞེན་གྱི་དྲན་གདུང་།
ས་འོག་གི་ཆུ་བོ་བཞིན་ཁྱེད་ཀྱི་གྲིབ་
མར་འཁྱུད་དེ།
འཐམས་ནས་འབྱར་ཡོད།
ང་ནི་གྲིབ་གཟུགས་མེད་པའི་རྔོན་པ་
ཞིག་ཡིན།
རྟག་པར་ཁྱེད་ཀྱི་གམ་ན་གནས་ཤིང་།
གོམ་པ་གང་ཡང་བྲལ་འདོད་མེད།