རྨི་ལམ་གྱི་རྟ་ཁ་ཁྱེད་སར་དཀྱུ་དུས།
དུས་ཚིགས་ཀྱི་བྱ་ཁྱུ་རྒྱང་ལ་འཕུར།
ཁེར་རྐྱང་གི་སེམས་འཚབ་བར་ནས།
རི་ཆུ་ངལ་དུབ་ལ་བརྒྱུས་པའི་གོམ་སྒྲ་ནི་ཐག་
རིང་ཞིག་ཏུ་བྲུག།
ཨ་མྱེ་རྨ་ཆེན་སྦོམ་ར།
བརྩེ་དུངས་ཀྱི་གསེབ་ནས་བོར་མ་ཐུབ་པར་ལུས་ཡོད།
རྨ་ཀླུང་གི་རི་རྒྱུད་རེ་རེ་ཁྱེད་ཀྱི་ཉེ་ས་ནས་ཁུ་
སིམ་མེར་འགྱིང་།
སྟོན་རླུང་གི་སྐྱོ་གླུ་རིང་མོ་བསྣམས་པའི་ངལ་
དུབ་དེ།
ཕྱི་ཐག་དང་ཁྲེལ་གཞུང་བརྒལ་བའི་ལོ་ཟླ།
ཕྱི་བཏུམ་ནང་བཏུམ་གྱིས་ཐག་རིང་ཞིག་ལ་འཁྲི།