国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་གཞས།

ཆུ་བོ་གཞོང་པ་ལྷ་ཆུ།།

སྟོད་ཕྱོགས་ཡུལ་གྱི་ཆུ་རེད།།

ང་ཡིས་ཁྱེད་ལ་གནང་ན།།

ཁྱོད་ཀྱིས་ལན་གཅིག་བཞེས་དང་།།

བྱིན་རླབས་ཟེར་ན་མི་ཤེས།།

བརྩེ་འདང་ཅན་གྱི་ཆུ་ཡིན།།

སྟོད་གཞས་པད་སྒྲོན་སྐྱོ་གླུ།།

ང་ཡིས་ཁྱོད་ལ་བླངས་ན།།

ལྕང་ལོའི་མདུད་པ་བཀྲོལ་ནས།།

གཙང་པོ་འཁྱོམ་པའི་འགྲམ་ནས།།

ཐེངས་གཅིག་གསན་པ་གནོངས་དང་།།

འཁོར་བའི་ཐང་ཆེན་བརྒལ་ནས།།

འགྲོ་འདོད་སེམས་ལ་ཟེགས་འོང་།།

སྨད་ཀྱི་གོས་ཕྲུག་སྣམ་བུ།།

ང་ཡི་ཁྱོད་ལ་ཉོས་ན།།

ཡག་གིས་ཤོམ་ཆེན་བརྒྱབ་ནས།།

ཆུ་བཞི་སྒང་དྲུག་ཉུལ་དང།།

ཉ་མོ་རྙི་ལ་ཚུད་པ།།

རྒྱ་སྟག་བག་ལ་ཞ་བ།།

ངུ་སྐད་བསྣམ་ཁུལ་བྱོས་དང་།།