国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་དུས་དྲན་པ།

མིག་ཆུ་ཐང་མར་བརྡལ་བའི་

དུས་རབས་སུ་ཐག་རིང་གི་

དཔྱིད་དུས་ཁྱེད་ནི།

མཚོ་མོ་འཁྱིལ་ནས་སྒུག་འདུག།

མེ་ཏོག་གི་མགོ་བོ་དགྱེས་ནས་སྒུག་འདུག།

སྨྲ་བ་འགགས་པའི་གནས་སྐབས་སུ་

འཚང་ཁ་ཤིག་ཤིག་གི་གསང་བའི་

ཐ་སྙད་ཀྱིས།

དཔྱིད་དུས་འདིར།

ཁྱེད་ལ་གཞས་ཤིག་གཏོང་ཐབས་བྲལ།

དྲན་པའི་རུས་པ་གང་སར་འཐོར་དུས།

གཏམ་རྒྱུད་རེ་རེའི་རྨི་ལམ་སྤྲིན་ལ་བཅོལ།

ཡ་ཆུང་གི་གསང་བའི་སྒམ་ཆུང་དུ།

ཁྱོད་ལ་འཕྲིན་པ་གཏོང་ཐབས་བྲལ།