ལོ་ངོ་མང་པོའི་སྐྱོ་སྡུག་དང་བསྡོངས་ནས།
ཞེན་ཆགས་དང་སྙིང་ནད་ངལ་དུབ་ལ་བརྒྱུས་ནས།
དེ་རིང་། ང་རང་གཞི་ནས་ཁྱེད་ཀྱི་གམ་དུ་འབྱོར་ཡོད།
ཚ་གདུག་དང་འུར་ཟིང་གིས་ཉོབ་པར་བྱེད་ནའང་།
གོམ་འགྲོས་ཉོབ་པོ་དེ། ཡང་དང་ཡང་དུ་སྤོས།
ས་སྲོད་དང་ཞོགས་པའི་མཚམས་སྤྲིན་འོག་ན།
འཛེར་སྐད་དང་གློག་དམར་འདྲེས་མཚམས་ན།
བྲེལ་བྲེལ་གྱིས། རང་རྟོན་ཆེན་པོས།
ངའི་མིག་ཟུང་བརྒྱུད་དེ་སེམས་ལ་གཟས་འོང་།
སྙིང་གི་ན་ཟུག་དེས་ངའི་བྲང་རུས་བརླན་ནའང་།
ངའི་སྙིང་ནད་ཀྱིས་རྔོ་ཅི་ཡང་མ་ཐོགས།