国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཟླ་བ་བཅུ་པ།

ས་སྲོད་ཀྱི་དྲན་པ་དག་ར་རོ་བར་གྱུར་དུས།

སྐྱོ་བས་ཁེངས་པའི་གྲིབ་མ་གཉིས་

ཀྱིས་དབེན་པ་སྙེགས་དུས།

ཆུ་འཁྱག་པ་ཕོར་བ་གང་དང་།

སྐྱོ་བ་ཁེམ་བུ་གཅིག་གིས།

སེམས་སོང་གི་དྲན་པ་དེ་ཉོ་ཐུབ་བམ།

གློ་བུར་གློ་བུར་དུ་དྲན་པ་དག་མཉམ་

དུ་བསྡུས་ནས།

དུས་ཚོད་འཁྱག་པ་འདིའི་ངོ་གདོང་ལ།

སྐྱོ་གཞས་ཐར་ཐོར་ཞིག་དང་མཉམ་

དུ་གཏོང་ན་འདོད།