国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་མཇུག་གི་སྡོང་ལོ།

ཁ་བའི་མེ་ཏོག་རི་ཡི་ཐོད་དུ་བཞད། །

སྨུག་སྤྲིན་བན་བུན་ལ་ཁའི་མགུལ་དུ་དཀྲིས། །

གངས་ཆར་ཟེགས་མ་ས་ཆེན་པང་དུ་འཁྲུངས། །

འཛིན་མའི་ཞལ་རས་དམར་སེར་ཚོན་གྱིས་མཛེས། །

རྒྱང་རིང་མོན་གྱི་སྙན་པའི་འཇོ་སྒེག་མཁན། །

ཚངས་དབྱངས་གསུང་གི་ཡིད་འཕྲོག་མ་

བཞུགས་ཀྱང་། །

ཆར་ཆུ་ཟེགས་མས་ས་གཞི་བརླན་དང་ལྷན། །

གཡུ་འབྲུག་ངར་སྐད་རྣ་བའི་བུ་གར་སིམ། །

དམར་སེར་འདབ་ཀྱང་རླུང་གིས་ཕྱོགས་བཞིར་གཡོ། །

འཛིན་མའི་རང་མདངས་གསེར་གྱི་ལོ་མས་ཁེབས། །

ས་ཆེན་ཡངས་མོར་དལ་གྱིས་ཁ་བས་མཛེས། །

དབྱར་གསུམ་སྟོན་མོ་རེ་བའི་ཀློང་དུ་ཡིབ། །

སྣ་ཚོགས་སྟོན་མོའི་ལྷ་ཡུལ་འགྲན་ཡང་ཆོག །

ཡིད་འོང་བསྡུས་གཟུགས་དབྱར་གྱི་དགའ་ཚལ་དེ། །

མི་འདུག་མགྲོན་བཞིན་དུས་ཀྱི་རྗེས་བསྙེགས་ཀྱང་། །

ད་དུང་མ་སྐྱོ་སྟོན་མཇུག་ཡིད་གར་འོང་། །

༼ རང་མདངས། ༽