国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






པར་ལེན་པ་ངོ་སྤྲོད།

པར་ལེན་པ་ཀུན་དགའ་བློ་གྲོས་ཀྱི་པར་རིས་བརྩམས་ཆོས་བདམས་བཀོད།

གངས་དཀར་རི་བོའི་འདབས་སུ། མི་ཉག་ལི་ཆུ་གསེར་གཞུང་ཕྲ་མོའི་འགྲམ་དུ་འཚར་ལོངས་བྱུང་བའི་ཀུན་དགའ་བློ་གྲོས་ནི་དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་རི་ཐོག་སྡེ་བའི་མི་ཡིན་ལ། ཆུང་དུས་ནས་པར་ལེན་གྱི་ལས་ལ་དགའ་ཞེན་ཆེ་ཞིང་དེ་ལ་བརྩོན་པ་བྱེད། 2012ལོར་དར་མདོ་གྲོང་ཁྱེར་བོད་ཡིག་སློབ་འབྲིང་ནས་མཐར་ཕྱིན་ཏེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བཟོ་རིག་འཛིན་གྲྭ་ནང་རྒྱུགས་འཕྲོད་ཤིང་ལོ་གསུམ་ལ་སློབ་སྦྱོང་བྱས། སློབ་མཐར་ཕྱིན་རྗེས་དར་མདོ་གནམ་གྲུ་ཐང་ལ་ལས་ཞུགས་བྱས་པ་དང་། དར་མདོ་གནམ་གྲུ་ཐང་གི་ཁྱབ་བསྒྲགས་འགན་ཁུར་བ་དང་དེའི་ཕྱོགས་ལ་གྲུབ་འབྲས་འབུར་དུ་ཐོན། ལོ་གསུམ་ལ་ལས་ཞུགས་བྱས་རྗེས་རང་གི་དགའ་ཕྱོགས་ལ་རྒྱུན་འཁྱོངས་ཏེ་པར་ལེན་དང་ཚོང་ལས་ལ་ཞུགས། ད་ལྟ་མི་ཉག་ར་རྔ་ཁ་རུ་མགྲོན་ཁང་གཅིག་དང་ཨ་དཔོན་པར་པ་སྒྱུ་རྩལ་ལས་སྒྲུབ་ཁང་གི་ཕྱོགས་ཡོངས་ཀྱི་འགན་ཁུར་བཞིན་ཡོད། མི་ཉག་ཡུལ་ཕྱོགས་ཀྱི་གཉེན་སྟོན་ཡུལ་དངོས་པར་པ་གྲགས་ཅན་གྱི་མིང་ཐོབ་པ་དང་སྲོལ་རྒྱུན་རིག་གནས་ཀྱི་བརྒྱུད་འཛིན་དར་སྤེལ་ཕྱོགས་ཀྱི་བརྙན་པར་སོགས་ལ་རྒྱུན་འཁྱོངས་དང་འབད་པ་བྱེད་ཅིང་། མི་རིགས་སྲོལ་རྒྱུན་རིག་གནས་མ་ཉམས་སླར་གསོ་ཆེད་བརྙན་ཐུང་དང་པར་སོགས་རྒྱག་པར་དགའ་ལ་ཀུན་གྱིས་དགའ་བསུ་ཐོབ་དང་འཐོབ་བཞིན་ཡོད་དོ།།