国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་སུའེ་ཉིང་གྲོང་ཁྱེར་གྱི་ལས་དོན་རྟོག་ཞིབ་ཚོགས་པ་དང་ཐུག་འཕྲད་གནང་།

སྤྱི་ཟླ10ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ལྕགས་ཟམ་དུ་སུའེ་ཉིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཅིང་ལིན་གྱིས་སྣེ་ཁྲིད་པའི་ལས་དོན་རྟོག་ཞིབ་ཚོགས་པ་དང་ཐུག་འཕྲད་གནང་ཞིང་། ཕྱོགས་གཉིས་པོས་ཐུན་མོང་ཐོག་ས་ཁོངས་བརྒལ་བའི་གླིང་ཁུལ་བསྐྲུན་པར་དམིགས་ནས་སྤེལ་རེས་དང་བཞུགས་མོལ་གནང་བ་རེད།

ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཅིང་ལིན་དང་བཅས་པར་དགའ་བསུ་ཞུས་པ་དང་།སུའེ་ཉིང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་གནང་བ་རེད། ཁོང་གིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་དང་སུའེ་ཉིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཐད་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་མི་རིག་སྤེལ་རེས་ཀྱི་དུས་ཡུན་རིང་པོ་སོང་ཡོད། སུའེ་ཉིང་དང་དཀར་མཛེས་ཁུལ་གྱི་ས་ཁོངས་བརྒལ་བའི་གླིང་ཁུལ་དངོས་སུ་སྤྱོད་འགོ་ཚུགས་པ་ནས་ས་གནས་གཉིས་ཀྱི་འབྲེལ་བ་སྔར་བས་ཇེ་ཟབ་དང་།མཉམ་ལས་སྔར་བས་ཕུན་སུམ་ཚོགས་པ། བརྩེ་དུང་སྔར་བས་ཟབ་ཏུ་ཕྱིན་པ་བཅས་བྱུང་ཡོད་ཅེས་གསུངས། ད་སྔར་དཀར་མཛེས་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏང་རྒྱུ་གཙོ་བོར་བྱས་ཏེ“དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ”མགྱོགས་མྱུར་བཏོད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་སུའེ་ཉིང་གིས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་སོགས་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས་ལིས་གློག་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་དང་དོན་དངོས་ལ་གཞི་ཚུགས་ཏེ་ལིས་གློག་གི་ཐོན་ཁུངས་གསར་པའི་ཁྱུ་ཚོགས་ཧུར་ཐག་བཏོད་པས་འཕེལ་རྒྱས་ཀྱི་རྣམ་པ་ཤུགས་ཆེ་བ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་རེད། དཀར་མཛེས་ཁུལ་གྱིས་སུའེ་ཉིང་གི་འཕེལ་རྒྱས་མགྱོགས་པོའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོར་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུ་དང་། ཕྱོགས་གཉིས་པོས་མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བ་དང་།སུའེ་ཉིང་དང་དཀར་མཛེས་ཁུལ་གྱི་ས་ཁོངས་བརྒལ་བའི་གླིང་ཁུལ་ཐུན་མོང་ཐོག་བསྐྲུན་པ། ཐུན་མོང་ཐོག་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཞིང་། ཕན་ཚུན་རྒྱབ་སྐྱོར་དང་ལེགས་ཆ་གསབ་རེས། མཉམ་ལས་གཉིས་ཕན་བཅས་ཀྱི་ས་ཁོངས་འཕེལ་རྒྱས་འགྲོ་བའི་རྣམ་པ་གཏོད་པ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ས་གནས་གཉིས་ཀྱི་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཅིང་ལིན་གྱིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་བཀྲ་ཤིས་སྨོན་འདུན་ཞུས་པ་རེད། ཁོང་གིས་ད་ཐེངས་དཀར་མཛེས་ཁུལ་དུ་བསྐྱོད་པ་དེ་ནི་རྟོག་ཞིབ་སློབ་སྦྱོང་ཞིག་ཡིན་ལ་སྤེལ་རེས་མཉམ་ལས་ཤིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་།དཀར་མཛེས་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱས་ཏེ། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་བྱ་གཞག་ཁག་བརྟན་པོའི་ངང་འཕེལ་རྒྱས་ཡོང་ཞིང་གྲུབ་འབྲས་མངོན་གསལ་དོད་པ་དང་།མི་དམངས་ལ་ཐོབ་སྣང་དང་སྐྱིད་སྣང་།བདེ་སྣང་བཅས་སྔར་བས་ཆེ་རུ་ཕྱིན་པ་དང་། དེ་བས་འགན་ལེན་དང་རྒྱུན་སྲིང་ཐུབ་པ་བཅས་བྱས་ནས་ང་ཚོར་བློ་སྒོ་ཕྱེ་ཞིང་སྐུལ་ལྕག་ཆེན་པོ་ཐེབས་ཡོད། མ་འོངས་པར་ཕྱོགས་གཉིས་པོས་སྤེལ་རེས་མཉམ་ལས་ཀྱི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་།ས་ཁོངས་བརྒལ་བའི་གླིང་ཁུལ་འཛུགས་སྐྲུན་དང་།ས་ཁོངས་མཐུན་སྦྱོར་འཕེལ་རྒྱས། འབྱུང་འཕྲོད་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཁྱབ་ཁོངས་ཀྱི་ཐབས་ལམ་གསར་པ་ཐུན་མོང་ཐོག་འཚོལ་ཞིབ་བྱས་ནས་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བའི་རེ་བ་ཡོད་ཅེས་བཤད་པ་རེད།

སུའེ་ཉིང་གྲོང་ཁྱེར་འཐུས་མི་ཚོགས་པས་ད་དུང་དར་མདོ་གྲོང་ཁྱེར་གྱི་ལྷ་སྒང་གྲོང་རྡལ་དང་འཁོབ་ཡུལ་ཡུལ་ཤོག་སེར་ལམ་གྲོང་སྡེ་སོགས་སུ་ལས་གཞི་འཛུགས་སྐྲུན་དང་ཡུལ་སྡེ་དར་རྒྱས། ཐོན་ལས་འཕེལ་རྒྱས་སོགས་ལ་རྟོག་ཞིབ་བྱས་པ་རེད།

ཁུལ་གྱི་མགོ་ཁྲིད་ཁྲེང་པོ་ཐའོ་དང་སུང་ཞའོ་ཅུན། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་སོགས་ཐུག་འཕྲད་དུ་ལྷན་ཞུགས་བྱས་ཡོད།།

(ལྷ་འཛོམས་ཀྱིས་བསྒྱུར།)