国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས་ཀྱི་བྱང་འབྱེད་མཛད་སྒོ་སྤེལ།

ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་དག་གིས་ཐུན་མོང་ཐོག་དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས་ཀྱི་རིམ་སྤེལ་མཉམ་འདྲེས་འཕྲིན་སྦྱོར་ཐོན་རྫས་གསར་པ་དྲྭ་ཐོག་ཏུ་འཇུག་འགོ་ཚུགས་པ།

སྤྱི་ཟླ10པའི་ཚེས16ཉིན་གྱི་སྔ་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གཏོང་སྦྱོར་ལྟེ་གནས་ཀྱི་བྱང་འབྱེད་མཛད་སྒོ་དང་ལས་བྱེད་པའི་ཚོགས་ཆེན་དར་མདོ་རུ་འཚོགས། འདི་ནི་དཀར་མཛེས་ཁུལ་གྱིས་གཙོ་རྒྱུན་འཕྲིན་སྦྱོར་གླེང་ཕྱོགས་ཀྱི་རྣམ་པ་གསར་གཏོད་ཐད་ལམ་ཚད་རྡོ་རིང་ལྟ་བུའི་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་ཡོད།

ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཚའོ་ཞ་བྱང་འབྱེད་མཛད་སྒོར་ཞུགས་པ་དང་། ཁོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས་བཙུགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། གཏོང་སྦྱོར་ལྟེ་གནས་བཙུགས་པར་དཀའ་སྤྱད་འབད་བརྩོན་བྱེད་མཁན་བློ་མཐུན་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁུལ་ཨུའི་སྒྲིག་གཞི་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་མཱ་ཞའོ་ཧྭ་ཡིས་དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས་འཛུགས་པའི་མཆན་འགོད་བཀའ་ལན་གྱི་ཡིག་ཆ་སྒྲོག་སྦྱངས་བྱས་པ་དང་། ཁུལ་ཨུའི་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་དབྱང་ཧུའེ་ཆིང་གིས་དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས་ཀྱི་ཏང་ཙུའུ་དང་མགོ་ཁྲིད་ཚན་ཁག་བསྐོ་གཞག་བྱས་པ་ཁྱབ་བསྒྲགས་བྱས། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། ཁུལ་གཏོང་སྦྱོར་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་ཝང་ཏན་གྱིས་གཏམ་བཤད་བྱས་པ་རེད།

གསར་དུ་བཙུགས་པའི་དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས་ནི་དཀར་མཛེས་ཉིན་རེའི་ཚགས་པར་ཁང་དང་དཀར་མཛེས་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགས་ཁུལ་རིམ་པའི་གཏོང་སྦྱོར་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་ཡིན་ལ། འཕྲིན་སྦྱོར་ཀུན་འདུས་ཀྱི་རྩ་འཛུགས་རྣམ་པ་དང་དོ་དམ་སྒྲོམ་གཞི་བསྐྱར་དུ་བསྐྲུན་པ་དང་། ཐོན་ཁུངས་བསྡུ་སྒྲིལ་དང་། སྟེགས་བུ་གཅིག་སྒྲིལ། ལས་སྒོ་མཉམ་འདྲེས། དྲག་གྲས་མཉམ་འབྲེལ་བཅས་ཀྱི་བསྒྱུར་བཅོས་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ནས།“འཕྲིན་སྦྱོར་གྱི་སྣོད་བཅུད་གསར་པ”གསར་རྐྱང་ལ་བརྟེན་ནས“ཨང་ཀིའི་དཀར་མཛེས”འཛུགས་སྐྲུན་དུ་ཧུར་ཐག་ཞུགས་པ་དང་། འཕྲིན་སྦྱོར་ཀུན་འདུས་ཀྱི་ཁྱབ་སྤེལ་བསྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཁྱབ་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ་བཅས་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཆེ་བའི་གཙོ་རྒྱུན་འཕྲིན་སྦྱོར་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད།

མཛད་སྒོར་ཚའོ་ཞ་ཡིས་དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས་ཀྱི་ལས་སྒྲུབ་པ་ཡོངས་ལ་ཏང་གི་གཏོང་སྦྱོར་ཏང་དོན་སྒྲུབ་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ( པར་ངོས་གཉིས་པར་གཟིགས།)