国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)གླེང་ཕྱོགས་གཙོ་བོའི་ཕྱོགས་སྟོན་ནུས་པ་དང་སྣེ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་དྲང་ནུས་དང་གཙོ་དོན་དེ་བས་མཐོན་པོ་ཡོང་དགོས་པའི་སྐུལ་ལྕག་དང་བླང་བྱ་བཏོན་པ་རེད། མཉམ་འདྲེས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་ནང་དོན་གྱི་ཐོན་ནུས་དང་བརྒྱུད་སྤེལ་ནུས་པ། འཕེལ་རྒྱས་ཀྱི་སྒུལ་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།“དྲང་ནུས”དང“རྒྱུག་ཚད་ཆེན་པོ”ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏང་བ་བཅས་བྱས་ཏེ་བོད་འབྲེལ་ས་ཁུལ་གྱི་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་གསར་པར་ནུས་ཤུགས་ཡོད་རྒུས་གཏོད་དགོས། དཔུང་ཁག་བཟང་པོ་བཏོད་དེ་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏང་རྒྱུ་གཙོ་བོར་འཛིན་པ་དང་ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་གཏང་རྒྱུ་དེ་འགག་རྩར་བརྩིས་ནས་ཆབ་སྲིད་ཚད་ལྡན་དང་འཇོན་ཐང་ཆེ་བ། བདེན་འཚོལ་གསར་གཏོད། རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་འཕྲིན་སྦྱོར་ལས་སྒྲུབ་པ་སྟོབས་ལྡན་ཞིག་གཏོད་དགོས། ཏང་འཛུགས་ལ་ཤུགས་རྒྱག་དགོས། མགོ་ཁྲིད་ཚན་ཁག་གིས་ཏང་གི་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་ཏན་ངང་བསྒྲུབས་ཤིང་། ལས་སྒྲུབ་པ་ཡོངས་ཀྱིས་ལས་དོན་འགན་འཁུར་ཁྲོད་གཙོ་རྒྱུན་འཕྲིན་སྦྱོར་གྱི་ཉམས་འགྱུར་གསར་པ་མངོན་པ་བཅས་བྱས་ཏེ་ཀྲུང་གོ་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་དང་ལེགས་སྐྱེས་གསར་པ་འབུལ་བར་དཔེ་སྟོན་དང་སྐུལ་ཁྲིད་བྱ་དགོས་པའི་ནན་བཤད་བྱས་པ་རེད།

དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས་ཀྱིས་དྲྭ་ཐོག་ཏུ་མཉམ་འདྲེས་འཕྲིན་སྦྱོར་གྱི་ཐོན་རྫས་གསར་པ“གནས་མཆོག་དཀར་མཛེས”APPཔར་གཞི་བསྒྱུར་བ། “གངས་དཀར་པོའི”རིམ་སྤེལ་ཕྱི་ཕྱོགས་དྲིལ་བསྒྲགས་ཨང་རྟགས་དང་བོད་སྐད་ཀྱི་སྐད་གདངས་འདྲེས་གྲུབ་ཉེར་སྤྱོད་བཅས་ཡོངས་བསྒྲགས་བྱས་པ་རེད།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་གཏུག་དྲུང་ཆེ་གཞོན་པ་དང་། ཁུལ་ཨུའི་རྩ་འཛུགས་པུའུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་ཨུའི་དྲྭ་འཕྲིན་གཞུང་དོན་ཁང་། ཁུལ་ཨུའི་སྒྲིག་གཞི་ཨུ་ལྷན་གཞུང་ལས་ཁང་། ཁུལ་རིག་གནས་རླུང་འཕྲིན་ཡུལ་སྐོར་ཅུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཁུལ་གཏོང་སྦྱོར་ལྟེ་གནས་ཀྱི་ལས་སྒྲུབ་པ་ཡོངས་བྱང་འབྱེད་མཛད་སྒོར་ཞུགས་ཡོད་པ་རེད།།

(ཨོ་རྒྱན་དང་ཡེ་ཤེས་ཀྱིས་བྲིས)