国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲི་ཞའོ་ལིན་གྱིས་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་སྐབས།

བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་སྤེལ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་པར་བསྐུལ་དགོས་ཞེས་ནན་གསུང་གནང་།

སྤྱི་ཟླ10པའི་ཚེས14ནས་ཚེས16ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧྲི་ཞའོ་ལིན་གྱིས་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལག་བསྟར་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ་གཙོ་རྐང་དུ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་སྐྱེ་ཁམས་སྔོན་སྤེལ་དང་འབྱུང་འཕྲོད་འཕེལ་རྒྱས་རྒྱུན་འཁྱོངས་ནས། ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་སོགས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་འཕེལ་རྒྱས་དང་བརྟན་བརླིང་།སྐྱེ་ཁམས། དམངས་འཚོ་སོགས་ཀྱི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་པ་དང་། མི་རིགས་ས་ཁུལ་ཡུན་རིང་བདེ་འགོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། འཕེལ་རྒྱས་སྤུས་ཚད་མཐོན་པོར་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་པར་བསྐུལ་ནས། མི་རིགས་ཁག་གི་མང་ཚོགས་ལ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

བརྟག་ཞིབ་གནང་སྐབས། ཧྲི་ཞའོ་ལིན་གྱིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྙན་ཞུར་གསན་ཞིང་། ཁོང་གིས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་འཕར་ཚད་སྲིད་ཇུས་རབ་དང་རིམ་པའི་གོ་སྐབས་དམ་འཛིན་བྱས་པ་དང་།གློག་ཁུངས་དང་གློག་དྲྭ། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས། ཆུ་བེད་ཆུ་འདྲེན། གྲང་འཁྱག་ཟོག་འདྲེན། དམངས་འཚོ་དང་འཚུབ་བསྟུན་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། འཕྲལ་ཕུགས་གཉིས་ཀར་ཕན་པའི་ལས་གཞི་གལ་ཆེན་ཁག་གཅིག་ཇུས་འགོད་བྱ་དགོས། ཐོན་ལས་གཙོ་བོའི་འབྲེལ་ཐག་བསྐྲུན་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ནུས་ཁུངས་གཙང་མའི་ལས་དོན་ཡག་པོ་སྒྲུབ་པ། འབྱུང་འཕྲོད་ཞིང་ལས་ཐོན་རྫས་དང་རིག་གནས་ཡུལ་སྐོར། ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ་སོགས་ཐོན་ལས་ཀྱི་ནུས་རིམ་མཐོ་རུ་གཏོང་བ། འབྲི་གཡག་དང་འབྲུ་རིགས། ཤིང་འབྲས། སྔོན་ཚལ། ཆང་དམར་སོགས་སྐྱེ་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་དང་སྟོབས་ཆེ་རུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་སྔར་བས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཚན་རྩལ་ལ་བརྟེན་ནས་ནུས་པ་འདོན་པ་དང་། མཉམ་འགོག་མཉམ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ།ཐོན་སྐྱེད་ཉེན་མེད་དང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག། ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་སོགས་ཀྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས་ནས་བདེ་འཇགས་ཀྱི་མཐིལ་ཚད་བརྟན་པོ་བསྲུང་དགོས་ཞེས་ནན་གསུང་གནང་བ་རེད།།( བདེ་སྐྱིད་ཀྱིས་བསྒྱུར།)