国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་དར་མདོ་གྲོང་ཁྱེར་གུར་དྲག8·03ཆུ་རུད་ཆེན་པོའི་གནོད་རྗེས་སླར་གསོ་བསྐྱར་འཛུགས་ལས་དོན་ལ་བརྟག་ཞིབ་གནང་སྐབས།

མི་གཙོ་བོར་འཛིན་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད། འཛུགས་སྐྲུན་ཞིབ་ཚགས་བཅས་བྱས་ནས་གནོད་སྐྱོན་ཐེབས་ཡུལ་དེ་རྒྱལ་ལམ318པའི་ལམ་རྒྱུད་ཀྱི་ཡུལ་སྡེ་དར་རྒྱས་ཀྱི་མིག་དཔེར་འགྱུར་བར་འབད་བསྐྲུན་བྱ་དགོས་ཞེས་གསུངས།

སྤྱི་ཟླ10ཚེས17ཉིན།ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སྒྲོག་འགྲེལ་གནང་བར་ཕེབས་ཤིང་། “8·03”གུར་དྲག་རི་བརྒལ་གྲོང་སྡེའི་ཆུ་རུད་ཆེན་པོའི་གནོད་ཐེབས་མང་ཚོགས་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་བར་མ་ཟད།གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མི་རྩ་བར་འཛིན་པ་དང་།ཚན་རིག་དང་མཐུན་པའི་འཆར་འགོད། འཛུགས་སྐྲུན་ཞིབ་ཚགས་བཅས་བྱས་ནས་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་གནོད་ཐེབས་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ།རེ་ཞུ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་གནོད་སྐྱོན་ཐེབས་ཡུལ་དེ་རྒྱལ་ལམ318ལམ་རྒྱུད་ཀྱི་ཡུལ་སྡེ་དར་རྒྱས་ཀྱི་མིག་དཔེར་འགྱུར་བར་འབད་བསྐྲུན་བྱ་དགོས་པའི་ནན་གསུང་གནང་བ་རེད།

གུར་དྲག་གྲོང་རྡལ་རི་བརྒལ་གྲོང་ཚོའི་གནོད་ཐེབས་ཁུལ་དུ་སླེབས་སྐབས། ཧྲེན་དབྱང་གིས་གནོད་སྐྱོན་ཐེབས་པའི་ཁང་པ་བཤིགས་པ་དང་ཉམས་གསོ་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ལས་ཀའི་འཕེལ་རིམ་ལ་གཟིགས་ཞིབ་ཞིབ་ཚགས་གནང་བ་དང་།གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་གྲོང་སྡེ་འཛུགས་སྐྲུན་འཆར་འགོད། གནོད་རྗེས་བསྐྱར་སྐྲུན་ལས་གཞིའི་ལས་དོན་སྙན་ཞུ་བཅས་ལ་གཟབ་ནན་ངང་གསན་འཇོག་གནང་བ་དང་། རྫོང(གྲོང་ཁྱེར)དང་ཡུལ་གྲོང་།གྲོང་སྡེའི་ཚོ་ཆུང་བཅས་ཀྱི་ཏང་མི་ལས་བྱེད་པ་དང་གནོད་ཐེབས་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཚང་མར་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་བརྒྱུད་བསྒྲགས་གནང་བ་རེད། ( པར་ངོས་གཉིས་པར་གཟིགས།)