国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།) ཁོང་གིས་གནོད་ཐེབས་མང་ཚོགས་ལ་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་འོག་དཀའ་ངལ་མཉམ་སེལ་དང་དཀའ་གནད་མཉམ་སྒྲོལ་གྱིས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྲུན་དགོས་པའི་ལྕག་སྐུལ་གནང་བ་རེད། ཁོང་གིས་རིམ་ཁག་ཏང་ཨུ་དང་སྲིད་གཞུང་།

འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གནོད་ཐེབས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་ནས་མང་ཚོགས་ཀྱི་འདོད་བློ་དང་དཀའ་ངལ་ལ་དམིགས་ནས་གནད་དོན་ཐག་གཅོད་བྱེད་པ་དང་། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ། འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་བསྐྱར་སྐྲུན་ལས་ཀ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏང་བར་འགན་ལེན་བྱེད་ཅིང་། མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་བསྐྱལ་བར་བཀོད་སྒྲིག་ཡག་མོ་བྱ་དགོས་པའི་བཀའ་མངགས་གནང་བ་རེད།

ཧྲེན་དབྱང་གིས་ནན་གསུང་གནང་དོན། རིམ་ཁག་དང་སྡེ་ཚན་ཁག་གིས་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་དེ་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་།ལས་གཞི་འཛུགས་སྐྲུན་གྱི་སྤུས་ཚད་འགག་སྒོ་དང་ཉེན་མེད་འགག་སྒོ་ནན་པོར་སྲུང་བ། ཨར་ལས་བྱ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆེན་བཅས་བྱས་ནས་སླར་གསོ་བསྐྱར་སྐྲུན་ལས་གཞི་དེ་ཉེན་མེད་ལས་གྲྭ་དང་ལྗང་མདོག་ལས་གྲྭ། སྤྱོད་གཙང་ལས་གྲྭ་བཅས་སུ་ཏན་ཏིག་གཏོད་དགོས། གནོད་རྗེས་སླར་གསོ་བསྐྱར་སྐྲུན་དང་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལས་དོན་ཟུང་འབྲེལ་བྱས་ཏེ“སི་ཁྲོན་ཞིང་ཆེན་ས་གཤིས་གནོད་འཚེའི་རྗེས་ཤུལ་དྲན་གསོའི་གནས”དང“དཀར་མཛེས་ཁུལ་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་སྔོན་སྐྱོད་གྲོང་ཚོ”“དར་མདོ་གྲོང་ཁྱེར་ཤར་རྒྱུད་ཀྱི་ཡུལ་སྡེ་བཟོ་ལས་གཅིག་སྡུད་ཁུལ”བཅས་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་བསམ་ཕྱོགས་གཞིར་བཟུང་ནས་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་།ཞིང་སྡེའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ།ཞིང་སྡེའི་མི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱ་དགོས། གནོད་རྗེས་སླར་གསོ་བསྐྱར་སྐྲུན་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་ཟུང་འབྲེལ་བྱས་ནས་ཡུལ་བབ་དང་བསྟུན་ཏེ་ཐོན་ལས་ཀྱི་བཀོད་པ་སྤྱི་འདོམས་འཆར་འགོད་བྱེད་པ་དང་།ཐབས་བརྒྱ་ཇུས་སྟོང་གིས་གནོད་ཐེབས་མང་ཚོགས་ཐག་ཉེ་ས་དང་ས་ཆ་དེ་རང་དུ་ལས་ཞུགས་བྱས་ནས་འབབ་འཕར་ཡོང་བར་རོགས་རམ་བྱེད་པ་དང་།དབུལ་ཕོངས་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་ཉེན་ཁའི་ཞིབ་འཇུག་བརྡར་གཅོད་ལ་ཤུགས་བསྣན་ཏེ་གནོད་འཚེའི་རྐྱེན་གྱིས་དབུལ་ཕོངས་བསྐྱར་ལོག་གི་སྣང་ཚུལ་ཐོན་པར་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། གནོད་རྗེས་སླར་གསོ་བསྐྱར་སྐྲུན་དེ་འཚོ་སྡོད་འོས་འཚམ་དང་ལས་གཉེར་འོས་འཚམ། ཞི་མཐུན་མཛེས་སྡུག་ལྡན་པའི་ཡུལ་སྡེ་འཛུགས་སྐྲུན་བཅས་དང་ཟུང་འབྲེལ་བྱས་ཏེ་ཡུལ་སྡེའི་གནས་ཚུལ་དངོས་དང་མང་ཚོགས་ཀྱི་ཞིབ་ཕྲའི་དགོས་མཁོ་ནས་འགོ་བཙུགས་ཏེ་གནའ་བོའི་ཇ་འདྲེན་བརྡལ་ལམ་གྱི་རིག་གནས་སྔོག་འདོན་བྱེད་པ་དང་ཡུལ་སྡེའི་གོམས་སྲོལ་ཡག་པོ་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གནོད་རྗེས་ཀྱི་རི་བརྒལ་གྲོང་ཚོ་དེ་ཉིད་གངས་རིའི་འོག་གི་མཛེས་སྡུག་ལྡན་པའི་གྲོང་སྡེ་དང་རྒྱལ་ལམ318པའི་ལམ་རྒྱུད་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་འགྱུར་བར་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

ཁུལ་གྱི་མགོ་ཁྲིད་ཏེང་ལི་ཅུན་དང་ཡོན་མིང་ཀོང་།དར་མདོ་གྲོང་ཁྱེར་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་བརྟག་ཞིབ་ནང་ཞུགས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)