国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཟུགས་མེད་རིག་གནས་ཤུལ་བཞག་ལས་རྒྱལ་རོང་གི་འཚེམ་དྲུབ།

ཞིན་ཧྭ་གསར་འགྱུར་ཁང་ནས་པར་དྲངས།

དཀར་མཛེས་ཁུལ་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ལྷ་མོ(གཡོན)དང་དགེ་ཕྲུག་ཨ་མཚོས་བག་རས་ལ་མེ་ཏོག་གཙགས་བཞིན་པ།

དཀར་མཛེས་ཁུལ་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ལྷ་མོས་བག་རས་ལ་མེ་ཏོག་གཙགས་བཞིན་པ།

སྲོལ་རྒྱུན་གྱི་འཚེམ་དྲུབ་གྱོན་ཆས་སྤྲས་པའི་རྒྱལ་རོང་བུད་མེད།

རོང་བྲག་རྫོང་བྲག་སྟེང་གྲོང་རྡལ་གསེས་ཅོ་གྲོང་སྡེའི་འཚེམ་དྲུབ་སྨད་གཡོག།

དཀར་མཛེས་ཁུལ་རོང་བྲག་རྫོང་དུ་དར་ཁྱབ་ཆེ་བའི་རྒྱལ་རོང་གི་འཚེམ་དྲུབ་ནི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་དམངས་ཁྲོད་བཟོ་རྩལ་རིག་གནས་ཤིག་ཡིན། རྒྱལ་རོང་འཚེམ་དྲུབ་ཀྱི་རི་མོ་ཧ་ཅང་ཞིབ་ཚགས་ཡིན་པ་དང་། གཙོ་བོ་བག་རས་དང་པང་ཁེབས་ཀྱི་ངོས་སུ་མེ་ཏོག་སོགས་མཛེས་རིས་སྣ་མང་འཚེམ་བཞིན་ཡོད།ཚོན་མདོག་སྣ་ལྔས་བརྒྱན་པའི་འཚེམ་དྲུབ་ཀྱི་གྱོན་ཆས་འདི་དག་གིས་མིག་དབང་འཕྲོག་ཅིང་ཡིད་དུ་འོང་བ་དང་།དེ་ལ་འཚོ་བའི་ཉམས་འགྱུར་ཟབ་ཅིང་བཀོལ་སྤྱོད་རང་བཞིན་དང་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཅིག་ཡིན་ནོ།།

བག་རས་འཚེམ་དྲུབ་མ་གྱོན་པའི་རྒྱལ་རོང་བུད་མེད་ཚོས་རྫོང་མཁར་གྱི་བྱེད་སྒོར་ཞུགས་བཞིན་པ།