དང་པོ་མདོང་མོ་ནང་དུ་འོ་མ་བླུགས་ཤིང་དཀྲུགས་ཏེ་བྱུགས་ནས་འདྲེས་པར་བྱེད་དགོས།གཉིས་པ་འོ་མའི་ནང་གི་མར་ཐམས་ཅད་ལྷག་ལུས་མེད་པར་བླངས་ནས་ཆུ་སོགས་ཡོད་སའི་འཁྱགས་སར་འཇོག་དགོས།གསུམ་པ་འོ་མ་ཤིང་ཁུའི་ནང་དུ་སྐྱུར་ཁུ་ཅུང་ཟད་བླུགས་ནས་ཐབ་ཀའི་ཟངས་བའམ་སླ་ངའི་ནང་དུ་བསྐོལ་དགོས།དེ་ནས་སྐྱུར་ལོག་རྣམས་སྐྱོགས་སམ་ཐུམ་བུས་བསྣོས་ནས་རྒྱ་མདུད་དང་གོར་གོར།ལོག་ལོག་བྱས་ནས་སྐྱུར་ཁུ་དང་མཉམ་དུ་ཟོ་བའམ་ཟོམ་བཅས་སྣོད་ཀྱི་ནང་དུ་གོས་ཀྱི་ལེགས་པོ་གཡོགས་ཏེ་ཉིན་ཤས་བསྙལ་དགོས།ཟས་འདིའི་ཕན་ནུས་གཙོ་བོ་ནི།མཁྲིས་པ་དང་།
ཁྲག་མཐོན་པོ།ཁྲག་ཞགས་ཅན།མཆིན་ཚིལ་ཅན།གཅིན་སྙིའི་ནད་བཅས་ལ་ཕན་ནུས་ལྡན་པར་བཤད།ཟས་རིགས་འདི་ནི་མི་ཉག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན།།
( རིག་བསྟན་གྱིས་བྲིས། )