国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་ཟླ་བརྒྱད་པ།

ད་ལྟ་སྟོན་ཟླ་སླེབས་ནའང་།

ང་རང་ད་དུང་དཔྱིད་ཀའི་པང་དུ་ཡོད།

མེ་ཏོག་གི་དྲི་བསུང་དང་མཉམ་དུ་ཡོད།

སྦྲང་མའི་གཤོག་འགྱུར་དང་ལྷན་དུ་ཡོད།

ཁུ་བྱུག་ཡུལ་ལ་ལོག་ཚར་བས།

ད་ལྟ་དཔྱིད་ཀ་ཁེར་རྐྱང་དུ་གྱུར།

ཁེར་རྐྱང་གི་དུས་ཚོད་ནང་།

རང་ཉིད་ཀྱིས་ཁ་དོག་ཀྱང་བོར་འདུག།

སྟོན་ཁ་ནི་ཡུན་རིང་བྲལ་བའི་

ཆུང་འདྲིས་ཤིག་ཡིན་ནམ།

ཡང་ན་ཆུང་འདྲིས་དང་སྟོན་ཁ་གཉིས་

འབྲེལ་བ་ཅི་ཞིག་ཡོད་དམ།

སྟོན་ཁ་ཁོ་ན་མ་ཡིན་ཏེ།

དགུན་ཁའང་ང་རང་ཁེར་རྐྱང་

དུ་གཏོང་མཁན་ཞིག་ཏུ་གྱུར།

སྟོན་ཁའི་ལོ་མ་ཐར་ཐོར་འདིས།

བདག་སུ་ཞིག་དང་ཁ་བྲལ་བའི་

རྣམ་པ་དེ་མཚོན།

ལས་དབང་ཞིག་གིས་ཅིས་ཀྱང་

ཁ་བྲལ་དགོས་པ་འདི།

ངས་སུ་ལའང་འཁར་ར་བྱེད་ན་མི་འདོད།

༼ དུ་སྤྲིན། ༽