国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཛེས་པའི་ཡུལ་ལྗོངས།། གནས་མཆོག་དཀར་མཛེས།།

སྟོན་དུས་ཀྱི་མཚོ་ཕུ་ལུང་པ།

སྟོན་ཁའི་མཛེས་ལྗོངས།

སྟོན་དུས་ཀྱི་འཇམ་དཔལ་དབྱངས་གནས་རི།

འཛམ་གླིང་གི་མཐོ་གྲོང་དང་པོ་ལི་ཐང་རྫོང་།

འོས་སྦྱོར་ལམ་ཐིག།

ཡུལ་སྐོར་ཐོན་ཁུངས་ལེགས་པོ་མཉམ་སྒྲིག་བྱ་ཆེད། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་བརྒལ་བའི་ཡུལ་སྐོར་ལམ་ཐིག་ལེགས་ཤོས12བཏོན་ནས་ཕྱོགས་བཞིའི་སྐུ་མགྲོན་རྣམས་སི་ཁྲོན་དུ་ཡུལ་སྐོར་ཕེབས་པར་གདན་ཞུ་བྱས་པ་རེད།

ཤམ་བྷ་ལ་རིག་གནས་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་ཏུ་མི་རྣམས་ཀྱིས་ཧང་སངས་དགོས་པའི་གངས་རི་དང་འཁྱམས་ཀླུང་།མཚེའུ།རྩྭ་ཐང་།རྦབ་ཆུ་སོགས་བརྗིད་ཆགས་ཡིད་དུ་འོང་བའི་མཛེས་ལྗོངས་གཅིག་སྡུད་འོས་སྦྱོར་བྱས་ཡོད་པ་དང་།ལམ་རྒྱུད་ས་ཁོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དང་མི་རིགས་རིག་གནས་ཀྱི་སྣ་མང་རང་བཞིན་མངོན་གསལ་དོད་པོ་ཡོད་པས་ཡུལ་སྐོར་བ་ཚོའི་ཡིད་སེམས་རབ་ཏུ་འཕྲོག།

ཁྲེང་ཏུའུ་དང་ཁྲུང་ཆིང་ནས་ལྕམས་ཟམ་ཁ། དར་མདོ། ལི་ཐང(དགེ་བསྙེན་གནས་རི། གཟིམས་ཁང་གནའ་ཁྲོམ། ལི་ཐང་གནའ་གྲོང་།)དེ་ནས་འདབ་པ(ཉི་སྟེན། ཕན་རོགས་གནའ་ཤུལ་སྤྱི་གླིང་།)དང་འབའ་ཐང(མཚོ་ཕུ་ལུང་པ། གེ་མོ།)སྡེ་རོང(ཤྭ་ལམ།) ཡུན་ནན་སེམས་ཀྱི་ཉི་ཟླ།ཡན་ཡོན།(ལི་སྐུ་མཚོ)ཞི་ཁྲང་།ཁྲེང་ཏུའུ། ཁྲུང་ཆིང་བཅས་བར་ཡིན་པ་རེད།