国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞི་ཅིན་ཕིང་ཁ་ཧྲན་དུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པར་ཞུགས་པ།

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ10ཚེས22ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཁ་ཧྲན་དུ་ཕེབས་འབྱོར་ཟིན་པ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པར་ཞུགས་རྒྱུ་ཡིན་ཞིང་། འདི་ནི་ཞི་ཅིན་ཕིང་གིས་གནམ་ཐང་དུ་ཕེབས་བསུར་བཅར་བའི་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཏ་ཏ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དཔོན་མིང་ཉི་ཧ་ནུའོ་ཧྥུ་དང་མཛའ་བརྩེའི་ངང་ཕྱག་གཏོང་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་ཨུ་རུ་སུའི་གྲོང་ཁྱེར་ཁ་ཧྲན་ནས་སྤྱི་ཟླ10ཚེས22ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ10ཚེས22ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཁ་ཧྲན་དུ་ཕེབས་འབྱོར་ཟིན་པ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པར་ཞུགས་པ་རེད།

ཆེད་གཏོང་གནམ་གྲུ་ཁ་ཧྲན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཏ་ཏ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དཔོན་མིང་ཉི་ཧ་ནུའོ་ཧྥུ་དང་། སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཕེ་སོ་ཧྲེན། ཁ་ཧྲན་གྲོང་ཁྱེར་གྱི་ཧྲི་ཀྲང་མའེ་ཐེ་ཧྲེན། ཨུ་རུ་སུ་ཕྱི་འབྲེལ་པུའི་མཐོ་རིམ་དཔོན་རིགས་བཅས་ཀྱིས་གནམ་ཐང་དུ་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་པ་རེད། གུས་དམག་གིས་ས་གདན་དམར་པོའི་གཡས་གཡོན་དུ་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་དང་མི་རིགས་ཀྱི་གྱོན་ཆས་གྱོན་པའི་ཨུ་རུ་སུའི་གཞོན་ནུ་མས་སྲོལ་རྒྱུན་གྱི་གུས་སྲོལ་ཐོག་ནས་དགའ་བསུ་ཞུས་པ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་མཉམ་དུ་ཕེབས་འབྱོར་ཟིན་པ་རེད། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཧན་ཧུའེ་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།།(མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)