ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུ་སོགས་ཀྱི་དཔལ་འབྱོར་ཚོགས་འདུའི་སྙིང་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཤིང་ལག་བསྟར་བྱས་པ་དང་། ཞིང་ཆེན་ཏང་ཨུའི“ཅན་བཞི་མཉམ་སྤེལ།གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ། ཁུལ་ཨུའི་སྤྱིའི་ལས་ཀའི་རྣམ་པར་དམ་པོར་དམིགས་ནས“དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ”གྱི་འཛུགས་སྐྲུན་དམིགས་ཚད་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། འཛུགས་སྐྲུན་ལས་རིགས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་དང་སྡོད་པར་འཚམ་པའི་རིག་ལྡན་གྲོང་ཁྱེར་གཏོད་པ། སྡོད་འོས་ལས་འཚམ་དང་མཛེས་སྡུག་ལྡན་པའི་ཡུལ་སྡེ་འཛུགས་སྐྱོང་སོགས་ཀྱི་ཐད་ཤུགས་སྣོན་དང་ཚད་བརྒལ་ཡོང་ཐབས་བྱས་ཏེ་གྲོང་ཡུལ་གྱི་རྣམ་པ་ཡང་ནས་ཡང་དུ་གསར་པར་བརྗེས་པ་དང་།མང་ཚོགས་ཀྱི་བདེ་སྐྱིད་དབྱར་མཚོ་ལྟར་རྒྱས་པ་རེད།
སྡོད་ཁང་དཀའ་གནད་ཡོད་པ་ནས་བདེ་སྡོད་ཐུབ་པའི་བར།
མང་ཚོགས་ཀྱི་སྡོད་གནས་སྔར་བས་བློ་བདེ་བར་གྱུར།
སྡོད་ཁང་ནི་དམངས་འཚོའི་གནད་དོན་གལ་ཆེན་ཞིག་ཡིན་ཞིང་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པ་རེད། མི་དམངས་མང་ཚོགས་འཚོ་བ་སྔར་བས་སྟབས་བདེ་དང་། སྡོད་གནས་སྔར་བས་སྐྱིད་པོ་བྱུང་ན་གཞི་ནས་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་དང་། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐང་ཐུབ། ( པར་ངོས་གཉིས་པར་གཟིགས།)