སྤྱི་ཟླ10པའི་ཚེས18ནས་ཚེས20ཉིན་གྱི་བར། ཁུལ་ཡོངས་ཀྱི་སྲིད་ཁྲིམས་བརྟན་བརླིང་སྲུང་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་ལས་དོན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བརྟན་བརླིང་སྲུང་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། ད་སྔའི་གནས་བབ་ལ་ཕྱོགས་བསྡོམས་དབྱེ་ཞིབ། དུས་རིམ་རྗེས་མའི་ལས་འགན་གལ་ཆེན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཚོགས་འདུ་དེ་ཡུལ་དངོས་ལྟ་སྦྱོང་དང་སྤེལ་རེས། བཞུགས་མོལ་བྱེད་པའི་དུས་རིམ་གཉིས་བགོས་ནས་སྤེལ་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལི་ཐང་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཐུང་རུང་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་ཁུལ་རིམ་པའི་སྲིད་ཁྲིམས་སྡེ་ཚན་ཁག་དང་རྫོང(གྲོང་ཁྱེར)ཁག་གི་སྲིད་ཁྲིམས་སྡེ་ཚན་དང་འབྲེལ་ཡོད་ཚན་པའི་འགན་འཁུར་བ་བཅས་ལྕགས་ཟམ་རྫོང་དང་བྲག་མགོ་རྫོང་དུ་ཕྱིན་ནས་ཡུལ་དངོས་ལྟ་སྦྱོང་དང་མཉམ་མྱོང་སྤེལ་རེས་བྱེད་པ་རེད། ( པར་ངོས་གཉིས་པར་གཟིགས།)