( པར་ངོས་དང་པོར་མཐུད།)
སྤྱི་ཟླ10པའི་ཚེས20ཉིན་གྱི་ཕྱི་དྲོར། བྲག་མགོ་རྫོང་དུ་འཚོགས་པའི་སྤེལ་རེས་བཞུགས་མོལ་ཚོགས་འདུའི་ཐོག་བྲག་མགོ་དང་ལྕགས་ཟམ་རྫོང་གཉིས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་དང་། སེར་ཤུལ་དང་ལི་ཐང་། རོང་བྲག་བཅས་རྫོང་གསུམ་གྱིས་རྣམ་འགྱུར་སྟོན་པའི་གཏམ་བཤད་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཉམས་མྱོང་དང་བྱེད་སྟངས་ཡག་པོ་སློབ་སྦྱོང་དང་སྤེལ་རེས།དཔྱད་གཞིར་འཛིན་པ་བཅས་བྱེད་པར་ཁ་ཕྱོགས་ཡང་དག་འཚོལ་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ།
ཚོགས་འདུའི་ཐོག་མུ་མཐུད་ནས་རིམ་པ་ཁག་གི་འགན་འཁྲི་ཏན་ཏིག་བསྒྲུབ་དགོས་པ་དང་། བློ་ཁོག་ཆེན་པོས་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་ས་གནས་ཁག་གི་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་ཁོར་ཡུག།འགལ་བ་དང་ཁྱད་ཆོས་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་རང་གཤིས་ཅན་གྱི་འཕེལ་རྒྱས་གཏོང་སྟངས་གསར་གཏོད་དང་གསར་འབྱེད། ཉམས་མྱོང་དང་བྱ་ཐབས་བཟང་པོ་འཚོལ་ཞིབ་བྱས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ཡག་པོ་སྒྲུབ་པ་བྱས་ཏེ། དཀར་མཛེས་ཁུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱུན་མཐུད་ངང་བདེ་འཇགས་དང་བརྟན་བརླིང་། ཡུན་རིང་བདེ་འགོད་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)