国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧང་ཀྲོའུ་གྲོང་ཁྱེར་དུ་ལི་ཐང་ལྷ་མོ་ཟློས་གར་འཁྲབ་སྟོན་བྱས།

ཉེ་ཆར། ལི་ཐང་རྫོང་གི་ལྷ་མོ་ཟློས་གར་ཚོགས་པ་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཆན་ཐང་ཆུས་སུ་བསྐྱོད་དེ་ཧང་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་ནས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ་དང་།ལྷ་མོ་ཟློས་གར་འཁྲབ་སྟོན་བྱས་པ་རེད།

ལི་ཐང་རྫོང་གི་ལྷ་མོ་ཟློས་གར་ནི་སི་ཁྲོན་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཤིག་ཡིན་ལ་ཡུན་རིང་གི་ལོ་རྒྱུས་ལྡན། བྱེད་སྒོ་ལས་ལི་ཐང་རྫོང་ནས་ཡོང་བའི་སྒྱུ་རྩལ་མཁས་ཅན་ཚོས་སྲོལ་རྒྱུན་གྱི་ལྷ་མོ་ཟློས་གར《པད་མ་འོད་འབར》འཁྲབ་སྟོན་བྱས་པ་དང་། དེ་ནི་བོད་ཀྱི་ཟློས་གར་འཁྲབ་གཞུང་ཆེན་མོ་བརྒྱད་ཀྱི་གྲས་ཤིག་ཡིན་ལ། ལྟད་མོ་བ་ཚོར་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་དང་གཟུགས་མེད་རིག་གནས་ཤུལ་བཞག་རྩ་ཆེན་ལ་མྱོང་ཚོར་ཟབ་མོ་ཐེབས་སུ་བཅུག་པ་རེད།

བྱེད་སྒོའི་ཡུལ་དངོས་སུ་དགེ་སློབ་ཡོངས་དང་དེ་བཞིན་རིག་གནས་སྒྱུ་རྩལ་ལ་དགའ་ཞེན་ཆེ་བ་དག་ཞུགས་ཤིང་། ལྷ་མོ་ཟློས་གར་འཁྲབ་སྟོན་བྱས་པ་བརྒྱུད་ལྟད་མོ་བ་ཚོའི་སྲོལ་རྒྱུན་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དེ་བས་ཆེ་བ་ཕྱིན་པ་དང་། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་སྒྱུ་རྩལ་རིག་གནས་ལ་དེ་བས་དགའ་མོས་བྱུང་བ་རེད།

( ཡེ་ཤེས་ཀྱིས་བསྒྱུར། ཡེ་ཆང་ཕིང་གིས་པར་བླངས།)