སྤྱི་ཟླ10པའི་ཚེས25ཉིན། ཁུལ་ཡོངས་ཀྱི2024ལོའི་དུས་ཚིགས་གསུམ་གྱི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ཚོགས་འདུ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་བྱས་ཏེ། ངེས་པར་དུ་ཟོལ་མེད་དང་དམ་པ་དོན་གཉེར་གྱིས་ཞབས་ཞུར་དམ་འཛིན་བྱས་པ་དང་། ལས་བཀུར་དང་དམ་པ་དོན་གཉེར་བཅས་བྱས་ནས་ད་ལོའི་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཡག་པོ་བསྒྲུབ་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཝང་ཡུས་ཆུང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
ཧྥུང་ཧྥ་ཀུའེ་ཡིས་ད་ལོ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནོན་ཤུགས་ཧ་ཅང་ཆེན་པོ་ཡིན་པས། ཁུལ་ཨུའི་སྲ་བརྟན་གྱི་འགོ་ཁྲིད་འོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་ངང“འབད་འཐབ་གཅིག་དང་སྔོན་འགོག་གཉིས། འགན་ལེན་གསུམ”བཅས་རྒྱུན་རྣམ་གྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབས་ནས་དཔལ་འབྱོར་གྱི་དམིགས་འབེན་གཙོ་བོ6གི་འཕར་ཚད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆུ་ཚད་ལས་མཐོ་བ་དང་།གྲུབ་འབྲས་འདི་ཐོབ་པ་ལས་སླ་པོ་ཞིག་གཏན་ནས་མིན། ལོ་འཁོར་གྱི་དམིགས་འབེན་ལས་འགན་གཏན་འཁེལ་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། གོ་སྐབས་དམ་འཛིན་བྱས་ནས་གཙོ་གནད་ལས་གཞི་ཁག་ཅིག་གི་ཐུམ་སྒྲིལ་འཆར་འགོད་དམ་འཛིན་བྱ་དགོས། སྦྲེལ་ཐག་འཛུགས་པ་དང་གཙོ་གཟུགས་འཕར་སྣོན། ལས་གཞི་འཛུགས་པ། རྒྱུ་རྐྱེན་གཙོ་བོ་སྟོབས་ཆེར་གཏོང་བ། སྣེ་ཁྲིད་དམ་འཛིན་དང་ཁྱད་ཆོས་དམ་འཛིན།ཞབས་ཞུ་དམ་འཛིན་བཅས་གཙོ་གནད6ལ་རྩེ་གཅིག་ཏུ་དམིགས་ནས་ལས་གཞི་དོན་ཐོག་འཁྱོལ་བར་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་།
ཚོགས་འདུའི་ཐོག་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སོ་སོས་ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་དང་། ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཁུལ་བསྡོམས་རྩིས་ཅུས་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་བཏང་བ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་རྫོང(གྲོང་ཁྱེར)23གྱིས་ལས་རིགས་ཀྱི་དམིགས་འབེན་དང་ལས་གཞིའི་ལས་དོན་སོགས་ལ་དམིགས་ནས་གཏམ་བཤད་བྱས་པ་རེད།།(བདེ་སྐྱིད་ཀྱིས་བསྒྱུར།)