国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་དང་པོ་ནས་སྤྱི་ཟླ9པའི་བར་ཞིང་ཆེན་གྱི་གཙོ་གནད་ལས་གཞི700ལ་མ་དངུལ་སྒོར་དུང་ཕྱུར7083.3བཏང་བ་དང་ལོ་འཁོར་གྱི་མ་འཇོག་ལེགས་སྒྲུབ་བྱེད་ཚད་བརྒྱ་ཆ94.1ཟིན་ནས་དུས་རིམ་གྱི་འཕེལ་རིམ་ལས་བརྒྱ་ཆ19.1བརྒལ།

སྤྱི་ཟླ10པའི་ཚེས23ཉིན་ཧྥུང་ཧྥ་ཀུའེ་ཡིས་སྐབས་བཅུ་གསུམ་པའི་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས55པ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་དང་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཉེ་ཆར་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། སེར་ཤུལ་ནས་དཀར་མཛེས་བར་གྱི་མྱུར་ལམ་གྱི་ལས་གཞི་ལས་དོན་ལ་ཆེད་ལས་པས་དཔྱད་ཞིབ་ཐོབ་ཅིང་། ལས་གཞི་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་ཁྲི་འདུ་རྫོང་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་སྟེ་ཞིང་ཆེན་ས་མཚམས་ནས་འགོ་བཙུགས་པ་དང་དཀར་མཛེས་རྫོང་ཁ་སྒང་ཡུལ་ཤོག་བར་མཇུག་བསྡུས་ནས་འཆར་འགོདG4217ཡིན་པའི་ཁྲེང་ཏུའུ་ནས་ཆབ་མདོའི་མྱུར་ལམ་དང་སྦྲེལ་མཐུད་བྱ་རྒྱུ་རེད། ལམ་ཐིག་གི་སྤྱིའི་རིང་ཚད་སྤྱི་ལེ308ཡོད་པ་རེད།

ཚེས24ཉིན། ཁུལ་སྡོད་ཁང་གྲོང་ཡུལ་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཁུལ་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་གྱི་གད་སྙིགས་ཐག་གཅོད་སྒྲིག་ཆས62བསྐྲུན་ཟིན་པ་དང་། ཉིན་རེར་གད་སྙིགས་ཐག་གཅོད་ཀྱི་གཞི་ཁྱོན་ཏུན641.4ཟིན་ཞིང་། གནོད་མེད་ཅན་གྱི་ཐག་གཅོད་བྱེད་ཚད་བརྒྱ་ཆ96.79ཟིན་པ། སྲིད་འཛིན་གྲོང་སྡེ2181ལ་བརྒྱུད་འདྲེན་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་ཁྱབ་ཚད་བརྒྱ་ཆ100ཟིན་ཡོད།

ད་ལོ་ནས་རང་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་རྫོང་འགན་གཙང་ལེན་བྱེད་པའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ་ལོ་ལྟར་མ་དངུལ་སྒོར་ཁྲི450དོན་འཁྱོལ་བྱས་ནས་ལོ་འཁོར་གྱི་བཙོག་ཆུ་དང་གད་སྙིགས་ཀྱི་དཔྱད་ཞིབ་ལས་དོན་སྤེལ་བ་རེད། ལོ་འཁོར་གྱི་དཔྱད་ཞིབ་ནང་མདུན་གྲལ་གྱི་ཨང་གསུམ་པར་ཚུད་པའི་རྫོང(གྲོང་ཁྱེར)སོ་སོར་སྒོར་ཁྲི200དང་སྒོར་ཁྲི150། སྒོར་ཁྲི100བཅས་ཀྱི་བྱ་དགའི་ཁ་གསབ་སྤྲད་རྒྱུ་རེད།

རང་ཁུལ་གྱིས“རིག་གནས་ཡུལ་སྐོར་ཁུལ”དང“ཐོན་ཁུངས་ཁུལ”“སྐྱེ་ལྡན་ཁུལ”བཅས་གཏོད་པར་དམིགས་ནས་ཆེད་ལས་པའི་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ་ལས་གཞིའི་ཡུལ་དངོས་སུ་བརྟག་ཞིབ་བྱས་པ་དང་། ཁུལ་ཡོངས་ཀྱི་གཙོ་གནད་ཐོན་ལས་དང་གཙོ་གནད་ལས་གཞི་ཞིབ་འཇུག་ལ་ཤུགས་བརྒྱབ་པ། ཐོན་ལས་སྦྲེལ་ཐག་གི་པར་དང་ཐོན་ལས་སྐྱེ་ཁམས་འཕེལ་རྒྱས་ལམ་ཐིག་གི་པར། ཚོང་འགུགས་མ་འདྲེན་གྱི་གཙོ་གནད་ཁེ་ལས་དཀར་ཆག་བཅས་ཀྱི“པར་གཉིས་དང་དཀར་ཆག་གཅིག”ཆ་ཚང9བཟོས་པ་རེད།

2021ལོ་ནས་བཟུང་དཀར་མཛེས་ཁུལ་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར7.79བཏང་ནས་སྨན་བཅོས་འཕྲོད་བསྟེན་གྱི་ལས་གཞི་གལ་ཆེན32ལག་ལེན་བསྟར་བ་དང་། སྒྲིག་བཀོད་དང་སྒྲིག་ཆས་སྒྲིག་སྦྱོར་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཚད་ལོན་རིམ་སྤོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།

ཚེས23ཉིན་སྡེ་རོང་རྫོང་ཞིང་འབྲོག་ཞིང་སྡེ་ཆུ་བེད་ཚན་རྩལ་ཅུས་དང་རྫོང་སྤྱི་བདེ་ཅུས་ཀྱིས་མཉམ་འབྲེལ་ཐོག་འབྲི་ཆུ་རྒྱུག་ཁུལ་གྱི་གཙོ་གནད་ཆུ་ཁོངས་སུ་ཉ་འཛིན་མི་ཆོག་པའི་ཁྲིམས་བཅས་པ་རེད།