སྟོན་རླུང་འུར་འུར་ལྡང་ནས།།
ལོ་མ་ལྷབ་ལྷུབ་ལྷུངས་སོང་།།
བདག་སེམས་གྲོག་མོའི་གཞུང་ལ།།
འདབ་ལོ་གཅིག་བརྩེགས་གཉིས་བརྩེགས།།
བརྗིད་ཆགས་ལྷུན་པོའི་མགུལ་གྱི།།
ཐགས་བཀྲ་གཡུ་ལོའི་དོ་ཤལ།།
སྟོན་རླུང་བ་མོ་སླེབས་ནས།།
མཛེས་སྡུག་རང་སར་ཞུགས་སོང་།།
མརྒད་མདངས་ཀྱིས་བཀླུབས་པའི།།
ས་འཛིན་བུ་མོའི་སློག་ལྭ།།
དུས་ཀྱི་སོ་ཁར་བརྡར་ནས།།
མཛེས་པའི་ཚོས་ཁ་ཉམས་སོང་།།
དབྱར་གྱི་བརྩེ་དྲོད་ཉམས་པས།།
མེ་ཏོག་མཛུམ་ཆུང་ཡལ་སོང་།།
སྟོན་འགོའི་བད་དང་ཙག་གིས།།
གཡུ་སྦྲང་སྣང་བ་འཁེང་སོང་།།
༼ གཡེར་མ། ༽