ཉེ་ཆར། ཁུལ་ཡོངས་ཀྱི་སློབ་གསོ་དང་འཕྲོད་བསྟེན་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་ཚོགས་ཆེན་ལྕགས་ཟམ་རྫོང་དུ་འཚོགས་པ་དང་།ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཕེབས་ཤིང་གསུང་བཤད་གནང་བ་རེད། ཁོང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཚོགས་ཆེན་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སློབ་གསོ་དང་འཕྲོད་བསྟེན་ལས་དོན་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་འཚོའི་ལས་གཞི་ཆེན་པོ་གཉིས་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་སློབ་གསོ་དང་འཕྲོད་བསྟེན་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་གསུང་གནང་།
(པར་ངོས་བཞི་པར་གཟིགས།)