国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡུལ་སྡེ་རིག་གནས་ཀྱི་གསོན་ཤུགས་ཀྱིས་ཡུལ་སྡེ་དར་རྒྱས་ལ་སྒུལ་ཤུགས་བསྣན།

སི་ཁྲོན་ཞིང་ཆེན་སྐབས་བཞི་པའི་ཡུལ་སྡེ་རིག་གནས་དར་རྒྱས་ཀྱི་ཡིད་དབང་འཕྲོག་ཤུགས་འགྲན་བསྡུར་ཆེན་པོའི་དཀར་མཛེས་འགྲན་ཁུལ་གྱི་མཇུག་འགྲན་དར་མདོར་སྤེལ།

སྤྱི་ཟླ10པའི་ཚེས29ཉིན་ལ་སི་ཁྲོན་ཞིང་ཆེན་སྐབས་བཞི་པའི་ཡུལ་སྡེ་རིག་གནས་དར་རྒྱས་ཀྱི་ཡིད་དབང་འཕྲོག་ཤུགས་འགྲན་བསྡུར་ཆེན་པོའི་དཀར་མཛེས་འགྲན་ཁུལ་གྱི་མཇུག་འགྲན་དར་མདོ་མཛའ་གཞས་ཐང་ཆེན་དུ་སྤེལ། དཀར་མཛེས་ཁུལ་གྱི་རྫོང(གྲོང་ཁྱེར)11གི་འགྲན་ཞུགས་རུ་ཁག་གིས་གཅིག་རྗེས་གཉིས་མཐུད་དུ་འཁྲབ་སྟོན་བྱས་ནས་ཕྱོགས་ཡོངས་དང་རིམ་པ་མང་པོའི་ཐོག་ནས་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་ཡུལ་སྡེ་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ཞིང་། དཀར་མཛེས་ཁུལ་གྱི་ཁྱོན་ཡོངས་ནས་ཡུལ་སྡེ་དར་རྒྱས་ཡོང་བར་གསོན་ཤུགས་གསར་པ་བསྣན།།