国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ང་ཡི་ཨ་ཕ།ང་ཡི་དྲིན་ཆེན།

ང་ཡི་ཨ་ཕ། ང་ཡི་དྲིན་ཆེན།

ཁྱོད་མེད་པའི་འཚོ་བའི་འཚོ་བ་འདི་

ཇི་ལྟར་རོལ།

ཁྱོད་མེད་པའི་མུན་པའི་མུན་པ་འདི་ཇི་

ལྟར་བརྒལ།

ཁྱོད་མེད་པའི་ལོ་ཟླའི་ལོ་ཟླ་འདི་

ཇི་ལྟར་བསྐྱལ།

ངའི་སེམས་ཁོང་གི་ཉི་མ་སེར་པོ།

ང་ཡི་ཨ་ཕ། ང་ཡི་དྲིན་ཆེན།

ཁྱོད་བསམ་དབང་དྲན་དབང་མེད་པར།

ངའི་ནམ་མཁའ་ནས་འཇའ་ཚོན་

བཞིན་ཤར་ཅིང་ཡལ་བ་ནི།

རྨི་ལམ་བཞིན་མཛེས་ཤིང་རྨི་ལམ་

བཞིན་འཇིགས།

དེ་བས། ཧ་ཅང་གཏིང་ཟབ་པའི་ན་

ཟུག་གི་ཚོར་བ་དེ།

བཟོད་ཐབས་བྲལ་ལ་བརྗེད་མེད།

ངའི་ལམ་བུ་ལ་འོད་སྣང་སྦྱིན་མཁན།

ང་ཡི་ཨ་ཕ། ང་ཡི་དྲིན་ཆེན།

ནམ་ཡང་འཇིག་རྟེན་འཁོར་བའི་

ནང་ཉུལ་བའི་ཁྱོད།

ནམ་ཡང་ཁྱིམ་ཚང་གི་དོན་ལ་འབད་

པའི་ཁྱོད།

ནམ་ཡང་གནམ་སྔོན་པོ་ཀ་བ་

བཞིན་འདེགས་པའི་ཁྱོད།

ནམ་ཡང་ས་དོག་མོ་རྡོ་བ་བཞིན་གནོན་

པའི་ཁྱོད།

ངའི་བློ་བརྟན་གྱི་རྒྱབ་རི་མཐོན་པོ།

གང་ལྟར་ཀྱང་།

ང་ཡི་ཨ་ཕ། ང་ཡི་དྲིན་ཆེན་ལགས།

ཁྱོད་ནི་དུས་གསུམ་གང་རུང་ནས།

ལུས་དང་གྲིབ་མ་བཞིན་དུ།

ང་ཡི་ཉེ་སར་བཅར་རོགས།