国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ནར་སོན་ཀྱིན་སོན་ཀྱིན།

ནར་སོན་ཀྱིན་སོན་ཀྱིན།

ངས་བདེ་སྐྱིད་ནི་ཅི་ཞིག་ཡིན་པ་ཤེས་མ་སོང་།

འཚོ་བ་ཡིན་ནམ། ལོ་ཟླ་ཡིན།

གཏམ་རྒྱུད་ཡིན་ནམ། སྙན་ངག་ཡིན།

ནར་སོན་ཀྱིན་སོན་ཀྱིན།

ངས་སྡུག་བསྔལ་ནི་ཅི་ཞིག་ཡིན་པ་ཤེས་མ་སོང་།

སྐྱོ་གདུང་ཡིན་ནམ། ཕྱིར་དྲན་ཡིན།

འདས་སོང་ཡིན་ནམ། ད་ལྟ་ཡིན།

ནར་སོན་ཀྱིན་སོན་ཀྱིན།

ངས་བརྩེ་དུང་ནི་ཅི་ཞིག་ཡིན་པ་ཤེས་མ་སོང་།

སེམས་པ་ཡིན་ནམ། རྨ་ཁ་ཡིན།

ཕྱི་ཐག་ཡིན་ནམ། ངོ་ཚ་ཡིན།

ནར་སོན་ཀྱིན་སོན་ཀྱིན།

ངས་ཡོད་ཚད་ནི་ཅི་ཞིག་ཡིན་པ་ཤེས་མ་སོང་།

དེ་རིང་ཡིན་ནམ། སང་ཉིན་ཡིན།

ད་ལྟ་ཡིན་ནམ། མ་འོངས་ཡིན།