国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁ་བ་ན་རོ། དངོས་མིང་ལ་འཕགས་པ་རྣམ་རྒྱལ་ཟེར་ཞིང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་མགོ་མང་གྲོང་རྡལ་བྲག་དཀར་སྡེ་བ་ནས་སྐྱེས། སྔ་རྗེས་སུ《གངས་རྒྱན་མེ་ཏོག》དང《ཟླ་ཟེར》《གངས་དཀར་རི་བོ》《རི་བོ་ཉི་ཟླ》《མང་ཆུ》《མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར》《གངས་རྒྱན་ན་ཆུང་ཚགས་པར》《བོད་ལྗོངས་ཉིན་རེའི་ཚགས་པར》《མཚོ་ལྷོ་བོད་ཡིག་ཚགས་པར》《ཁམས་པའི་ཚགས་པར 》《མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར》་སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྟེང་ལ་བརྩམས་ཆོས་མི་འདྲ་བ་བརྒྱ་ཕྲག་ལྷག་སྤེལ་མྱོང་། དེ་མིན༢༠༢༢ལོར་སྙན་དེབ༼ སྒོ་དར་ཁྲ་ཁྲ༽་ ཞེས་པ་པར་དུ་བསྐྲུན། ད་ལྟ་མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་བརྒྱུད་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་མི། མཚོ་ནུབ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། མཚོ་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། མང་རྫོང་མི་རིགས་ཡིག་རིས་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།