国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སེམས་ནུས་གཅིག་སྒྲིལ་གྱིས་སྒྱུར་བཅོས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།

(པར་ངོས་བཞི་པར་གཟིགས།)ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒྱུར་བཅོས་ཀྱི་སྤྱིའི་དམིགས་ཚད་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱིའི་དམིགས་ཚད་ཀྱིས་མཛུབ་ཁྲིད་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱས་ཏེ་སྒྱུར་བཅོས་བྱེད་དགོས་རིགས་སྒྱུར་བཅོས་མཐའ་གཅིག་ཏུ་བྱེད་པ་དང་སྒྱུར་བཅོས་བྱེད་མི་དགོས་པའི་རིགས་སྒྱུར་བཅོས་མི་བྱེད་པ།

དུས་རབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་། ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་གསར་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་དང་བསྟུན་ནས་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཕྱོགས་ཁག་གི་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་མཐུན་སྦྱོར་སྐུལ་འདེད་གཏོང་བ། རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་བཞིན་ཕྱོགས་གཞན་དག་གི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་སྲུང་བྱེད་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། སྒྱུར་བཅོས་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་ཚན་རིག་དང་མཐུན་པའི་བྱ་ཐབས་ལ་སྣང་ཆེན་བྱེད་པ་དང་ཕྱོགས་ཁག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་ཀྱི་ནུས་པར་བརྟེན་ནས་ཁྲིམས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་གཏོང་དགོས། སྒྱུར་བཅོས་ཀྱི་འགོག་རྐྱེན་སེལ་བ་དང་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཁྲོད་ཀྱི་ཁྲིམས་སྐྱོང་གི་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱོད་མཁས་པོས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་གལ་ཆེན་ལ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་བཅས་བྱས་ཏེ་སྤྱི་དམངས་དང་ཁྲིམས་མི་ཡོངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འདྲ་མཉམ་ངང་སྲུང་སྐྱོང་བྱེད་དགོས། གཏོར་འཛུགས་གཉིས་ཀྱི་རྩོད་སྒྲུབ་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ་གཏོར་འཛུགས་མཉམ་སྤེལ་དང་། སྔོན་འཛུགས་རྗེས་གཏོར། འཛུགས་དགོས་རིགས་ཧུར་བརྩོན་དང་རང་འགུལ་གྱིས་འཛུགས་པ། གཏོར་དགོས་རིགས་འཛུགས་རྒྱུའི་རྨང་གཞིའི་ཐོག་དུས་ཐོག་ཏུ་གཏོར་བ། གཏོར་འཛུགས་གཅིག་གྱུར་བྱེད་པའི་ཁྲོད་སྒྱུར་བཅོས་ཀྱི་གོམ་སྟབས་མགྱོགས་ལ་བརྟན་པོ་ཡོང་བ་བཅས་བྱེད་དགོས། སྒྱུར་བཅོས་དང་སྒོ་དབྱེ་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་ཀྱིས་ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱ་ཆེར་བརྟན་པོ་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ། ཕྱི་ཕྱོགས་ཚོང་དོན་དང་། ཕྱི་རྒྱལ་ཚོང་པའི་མ་འཇོག། ཕྱི་ཕྱོགས་མ་འཇོག་བཅས་ཀྱི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་དགོས། བཀོད་སྒྲིག་དང་དོན་འཁྱོལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པར་སྒྱུར་བཅོས་ཀྱི་ཇུས་གཞི་ཇུས་འགོད་བྱེད་པར་ངེས་པར་དུ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། སྒྱུར་བཅོས་ཀྱི་བྱ་ཐབས་ཁག་མཐུན་སྦྱོར་ལྷན་སྦྱར་ལ་སྣང་ཆེན་བྱེད་པ། སྒྱུར་བཅོས་ཁ་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་བ། འགན་འཁྲི་ཁ་གསལ་དང་། འཁོར་འབྲེལ་ཆ་ཚང་། གཅིག་ལ་གཅིག་འབྲེལ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རྗེས་སྙེག་ཕན་འདྲི་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྒྱུར་བཅོས་ཀྱི་བྱ་ཐབས་དོན་འཁྱོལ་ཞིབ་ཕྲ་དང་མཐར་ཕྱིན་ཡོང་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཇེ་ཆེར་བཏང་སྟེ། འགག་སྒྲོལ་དཀའ་སེལ་དང་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པའི་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས་འགལ་བ་དང་གནད་དོན་ལ་ཁ་གཏད་འཇལ་བར་མི་གཡོལ་བ་དང་། གནད་དོན་ངན་རེངས་སེལ་བར་ཐེ་ཚོམ་མི་བྱེད་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བར་ཕྱིར་བཤོལ་མི་བྱེད་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་དགོས། ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱོད་མཁས་པོ་བྱས་ཏེ་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་དང་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་བྱ་སྤྱོད་སྤེལ་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ངང་གཅིག་ཏུ་བསྡུ་བ་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་གང་ལེགས་བྱེད་པ་དེ་ནི་སྒྱུར་བཅོས་བདེ་བླག་ངང་སྤེལ་བར་གལ་འགངས་ཧ་ཅང་ཆེན་པོ་ཡོད། སྒྱུར་བཅོས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་ཡག་པོ་དང་ཏན་ཏིག་བསྒྲུབས་ནས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་བརྒྱབ་སྟེ་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ནང་བཏོན་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་འགའ་ཞིག་ལ་ཞིབ་འཇུག་དང་འགྲེལ་བཤད་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། ལྷག་པར་དུ་གཞི་རིམ་དང་མང་ཚོགས་ལ་ཁ་ཕྱོགས་པའི་དྲིལ་བསྒྲགས་དང་འགྲེལ་བཤད་ལ་ཤུགས་བརྒྱབ་སྟེ་དུས་ཐོག་ཏུ་དོགས་གནད་སེལ་བ་དང་། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་སློག་པ། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ངང་གཅིག་ཏུ་བསྡུ་བ་བཅས་བྱས་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སྒྱུར་བཅོས་ལ་དམ་འཛིན་བྱེད་པའི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ལས་བྱེད་པ་དང་མང་ཚོགས་ལ་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་སྒྱུར་བཅོས་ཁྲོད་ཀྱི་ཁེ་ཕན་གྱི་འབྲེལ་བ་ལེགས་སྒྲིག་དང་སྒེར་གྱི་ཁེ་གྱོང་ལ་ལྟ་སྟངས་ཡང་དག་འཛིན་པར་ཁྲིད་སྟོན་བྱེད་དགོས།

མཇུག་ཏུ་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གཏན་ལ་ཕབ་པའི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་ནན་ཏན་བྱས་ཏེ། གསོག་འབོར་སྲིད་ཇུས་དང་འཕར་ཚད་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་། སྣ་འདུས་ཐབས་བཟང་ལག་བསྟར་ཡག་པོ་བྱེད་པ། ལོ་མཇུག་ཟླ་བ་གཉིས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ། ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཧུར་ཐག་ཡོང་བར་བྱེད་དགོས།

ལི་ཆང་གིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་སྐབས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བརྗོད་དོན་དང་དགོངས་པ་གཏིང་ཟབ་པ་དང་། རྣམ་བཤད་གནད་ལ་འཕིགས་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པར་ཆབ་སྲིད་ཀྱི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། དེས་ཏང་ཡོངས་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་། སྤྱིའི་དམིགས་ཚད། རྩ་དོན་གལ་ཆེན། ཚན་རིག་དང་མཐུན་པའི་ཐབས་ཤེས་བཅས་ཁོང་དུ་གཏིང་ཟབ་ཆུད་པ། སྒྱུར་བཅོས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། སྒྱུར་བཅོས་ཀྱི་ཁ་ཕྱོགས་ཡང་དག་འཛིན་པ། སྒྱུར་བཅོས་ཀྱི་འགན་འཁྲི་ཆེ་རུ་གཏོང་བ། སྒྱུར་བཅོས་ཀྱི་མཉམ་ཤུགས་གཅིག་སྡུད་བཅས་བྱས་ཏེ། སྒྱུར་བཅོས་ཀྱི་བྱ་ཐབས་ཁག་གནད་སྨིན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ལས་འགན་སེམས་ལ་ངེས་ནས་སློབ་སྦྱོང་དང་། འགན་འཁྲི་བློ་ལ་བཅངས་ནས་སློབ་སྦྱོང་། གནད་དོན་ཡིད་ལ་བཟུང་ནས་སློབ་སྦྱོང་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། བརྗོད་བྱའི་སྙིང་པོ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་ལེན་པ་དང་ཁོང་དུ་གཏིང་ཟབ་ཆུད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བཅས་བྱས་ཏེ། གསར་གཏོད་རང་བཞིན་གྱི་སྒོ་ནས་སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ་བཅས་དང་དེ་བཞིན་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་པ་རེད།། (མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)