国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་འཚོའི་ལས་གཞི་ཆེན་པོ་གཉིས་དམ་འཛིན་བྱས་ནས་ཁུལ་ཡོངས་ཀྱི་སློབ་གསོ་དང་འཕྲོད་བསྟེན་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

(པར་ངོས་བཞི་པར་གཟིགས།)

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཕེབས་པར་མ་ཟད། སློབ་གསོ་དང་འཕྲོད་བསྟེན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་ཀྱང་གནང་བ་རེད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་ཚོགས་འདུར་ཞུགས།

ཧྲེན་དབྱང་གིས་གསུང་བཤད་གནང་སྐབས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཡུན་རིང་པོར་ཁམས་པའི་མཐོ་སྒང་དུ་འབད་འཐབ་བྱེད་མཁན་གྱི་རྒྱ་ཆེའི་དགེ་རྒན་དང་སྨན་པ།སློབ་གསོ་དང་འཕྲོད་བསྟེན་ལས་དོན་པ་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་འབྲེལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཞིང་།རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་དང་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་འཚོགས་ནས་བཀོད་སྒྲིག་གནང་སྟེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྱོང་བྱེད་པའི་གཞི་རྩའི་རྩ་དོན་དང་། དམིགས་ཚད་བླང་བྱ། བྱེད་ཕྱོགས་ཐབས་ལམ་བཅས་ཁ་གསལ་བཟོས་ནས་དཀར་མཛེས་ཁུལ་གྱི་སློབ་གསོ་དང་འཕྲོད་བསྟེན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྔར་བས་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད། ཉེ་བའི་ལོ་ཤས་རིང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དཀར་མཛེས་ཁུལ་གྱིས་སློབ་གསོ་དང་འཕྲོད་བསྟེན་སྔོན་ལ་འཕེལ་རྒྱས་གཏོང་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ནས་ཞབས་ཞུའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། དམངས་ཆེད་སྟོན་ཕྱོགས་སྔར་བས་མངོན་གསལ་དོད་དུ་ཕྱིན་པ། འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་ཀྱིས་ཁུལ་ཡོངས་ཀྱི་སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མྱུར་པོར་ཕྱིན་ཡོད། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་བྱུང་བ་དང་བསྟུན་ནས་མི་དམངས་མང་ཚོགས་ཀྱིས་སློབ་གསོ་དང་འཕྲོད་བསྟེན་ལ་རེ་བ་དང་བླང་བྱ་སྔར་བས་མང་པོ་བཏོན་ཡོད། རིམ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་རྩ་བ་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ནས2035ལོར་ཞིང་ཆེན་ཡོངས་ཀྱིས་སློབ་གསོ་སྟོབས་ཆེའི་ཞིང་ཆེན་དང་བདེ་ཐང་གི་སི་ཁྲོན་འཛུགས་སྐྱོང་བྱེད་པའི་དམིགས་ཚད་ལ་གཞིགས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་མང་ཚོགས་ཀྱི་སློབ་ཞུགས་དང་སྨན་བཅོས་ཐད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དང་།སློབ་གསོ་དང་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་དེ་བས་ཆེ་རུ་རྒྱུན་སྲིང་ཐུབ་པ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

ཧྲེན་དབྱང་གིས་གསུངས་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་རྒྱུ་དེ་ལས་ཀའི་གཙོ་བོར་བྱ་རྒྱུ་རྒྱུན་འཁྱོངས་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་བླང་བྱ་གལ་ཆེན་རྒྱུན་འཁྱོངས་ནས་སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱ་དགོས། བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་བྱེད་ཐབས་ཡག་པོ་སྤྱོད་རྒྱུ་རྒྱུན་འཁྱོངས་དང་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་གཏོད་རྒྱུ་རྒྱུན་འཁྱོངས་ནས་སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་རྒྱུན་མཐུད་ངང་གཅིག་སྡུད་བྱ་དགོས།

ཧྥུང་ཧྥ་ཀུའེ་ཡིས་ལས་དོན་བཀོད་སྒྲིག་བྱེད་སྐབས་བསྟན་དོན། དུས་རབས་གསར་པའི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཤུགས་སྣོན་རྒྱུའི“བྱེད་ཐབས་བཅུ”དང་། འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི“5+1”བྱེད་ཐབས། རང་ཡུལ་གྱི་སྨན་པ་དཀའ་བཅུ་པ་གསོ་སྐྱོང་འཆར་གཞི་བཅས་ཕྱོགས་ཡོངས་ནས་དོན་དུ་འཁྱོལ་ཏེ་བྱེད་ཐབས་དང་ཕན་འབྲས་དངོས་ཀྱི་ཐོག་ནས་སློབ་གསོ་དང་འཕྲོད་བསྟེན།བདེ་ཐང་བཅས་ཀྱི་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏང་དགོས།

ཚོགས་འདུ་མ་འཚོགས་གོང་ཚོགས་ཞུགས་མི་སྣས་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་དུ་བསྐྱོད་དེ་མཐོ་སྒང་སྨན་བཅོས་འཚུབ་བསྟུན་ཐག་བཅོད་ནུས་པ་འཛུགས་སྐྱོང་དང་། འགོ་ནད་ཚབས་ཆེན་འགོག་བཅོས་ཕན་འབྲས་དང་ཚོད་ལྟ་ཁང་འཛུགས་སྐྲུན། སློབ་གྲྭས་ཀུན་སྤྱོད་བཟང་བའི་མི་སྣ་གསོ་སྐྱོང་དང་སློབ་མའི་བྱང་ཚད་མཐོར་གཏོང་། ལས་རིགས་སློབ་གསོ་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་རེད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་རྫོང(གྲོང་ཁྱེར)ཁག་ཏུ་འཚོགས་པ། ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན།དེ་བཞིན་རྫོང(གྲོང་ཁྱེར)ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་། ལས་བགོས་འགན་འཁུར་བློ་མཐུན། ཁུལ་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་འབྲེལ་ཡོད་སྨན་བཅོས་སྒྲིག་གཞི། རྫོང(གྲོང་ཁྱེར)ཁག་གི་སློབ་གསོ་དང་འཕྲོད་བསྟེན་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་ཚོགས་ར་གཙོ་བོར་ཞུགས་པ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར།)