国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ང་རང་མཚན་མོར་དགའ་དོན།

ང་རང་མཚན་མོར་དགའ་དོན།

མཚན་མོ་ནི་ལྷིང་འཇགས་ཡིན་པས་

མ་ཡིན།

ང་རང་མཚན་མོར་དགའ་བ་ནི།

མཚན་མོའི་དཔེ་ཀློག་ལ་དགའ་བས་ཡིན།

ང་རང་མཚན་མོའི་སྒེའུ་ཁུང་ལ་དགའ།

དོན་དངོས་སུ་སྒེའུ་ཁུང་ཕྱི་ཡི་ཆར་པ་

ལ་དགའ།

ཆར་པའི“ཤག་ཤག”གི་ཆིག་ལབ་

ཁྲོད་ནས།

ངས་སྙན་ངག་ཁ་ཤས་སེམས་གཏམ་

དང་འདྲ་བར་ལྷུག་པོར་བརྗོད་ཆོག།

ང་རང་མཚན་མོ་དེའི་རླུང་བུ་ལ་དགའ།

རླུང་བུར་དགའ་དོན་གཞན་ཞིག་ཡོད་པ་

མ་ཡིན་ཏེ།

རླུང་བུས་དལ་ལྷོད་དུ་གཡོ་བའི་སྐྲ་

ལོར་དགའ།

རླུང་བུ་འཇམ་ལྷོད་ངང་གཡོ་བའི་

དུས་ངས་སྐྲ་ལོ་གཞན་ཞིག་འབྲི་ཆོག།

ང་རང་མཚན་མོ་དེའི་ཟླ་བར་དགའ།

ཟླ་བ་ལ་དགའ་དགོས་རྒྱུ་གཏན་

ནས་མེད་ཀྱང་།

རྣ་འཇགས་སུ་སོང་བའི་ཟླ་བ་སྒྲོལ་

མར་དགའ།

ཟླ་འོད་ཀྱིས་སྤྲིན་ཕུང་འབིགས་རྗེས་

ངས་ཡང་བསྐྱར་ཟླ་བ་སྒྲོལ་མ་དྲན་ཆོག།

ང་རང་མཚན་མོ་དེའི་སྐར་མ་ལ་དགའ།

མ་གཞི་སྐར་མ་ཐག་རིང་བས་དགའ་

དོན་ཞིག་གཏན་ནས་མེད་ཀྱང་།

སྐར་མ་ལ་མཐུད་པའི་གཏམ་རྒྱུད་ནི་

ཨ་མའི་གཏམ་རྒྱུད་ཡིན་པས།

སྐར་མ་གཉིད་དུ་ཡུར་མེད་ཚེ་ངས་ད་

དུང་གཏམ་རྒྱུད་ཉོན་བཞིན་ཡོད།

༼ ནག་ཤོད་ང་རོའི་འཚེར་སྒྲ། ༽