国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྷ་སྒང་ཡུལ་མིས་རྟ་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད།

ཞིན་ཧྭ་གསར་འགྱུར་ཁང་ནས་པར་དྲངས།

ལྷ་སྒང་གྲོང་སྡེའི་གྲོང་མིས་ཡུལ་སྐོར་བར་རྟ་ཁྲིད་ནས་ཡུལ་སྐོར་བྱེད་བཞིན་པ།

ཡུལ་མིས་རྟ་ཁྲིད་དེ་ཡུལ་སྐོར་བར་སྣེ་ཤན་བྱེད་བཞིན་པ།

རྟ་ཞོན་བཞིན་པའི་ཡུལ་སྐོར་བ།

ངལ་གསོ་སྐབས་རྟ་ལ་ཆུ་བླུག་བཞིན་པ།

དར་མདོ་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཡོད་པའི་ལྷ་སྒང་རྩྭ་ཐང་གི་མཚོ་འཕགས་སྨི3700ཡོད་ཅིང་། རྟ་བཞོན་ནས་རྩྭ་ཐང་དུ་ཡུལ་སྐོར་བྱ་རྒྱུ་ནི་ས་གནས་དེ་གའི་ཁྱད་ཆོས་ཀྱི་ཡུལ་སྐོར་རྣམ་གྲངས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ལྷ་སྒང་གྲོང་རྡལ་དང་ལྷ་སྒང་གྲོང་སྡེ་ཨུ་ལྷན་གཉིས་ཀྱིས་ས་གནས་དེ་གའི་ཡུལ་མི་སྒྲིག་འཛུགས་བྱས་ནས་རྟ་ཤོག་མཐུན་ཚོགས་བཙུགས་ཏེ། རྟ་འཁྲིད་པའི་ཞབས་ཞུ་དང་དོ་དམ་དེ་ལས་ཚད་ལྡན་ཅན་དུ་གྱུར་ནས་ཡུལ་སྐོར་བ་ཚོར་དེ་བས་སྣང་སྐྱིད་ཀྱི་ཡུལ་སྐོར་ཁོར་ཡུག་བསྐྲུན་པ་དང་།ཡུལ་མིས་རྟ་ཁྲིད་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་བ་ནི་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར།