国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རོང་བྲག་བོད་གྲོང་གི་སྟོན་ལྗོངས།

གསེར་མདོག་གི་བོད་གྲོང་།

མཛེས་སྡུག་གི་བོད་གྲོང་།

རོང་བྲག་གི་མཁར་རྫོང་།

མཛེས་སྡུག་གི་གདོང་གྲོང་སྡེ།

ཞོགས་པའི་སྤྲོ་སྣང་བོད་གྲོང་།

རོང་བྲག་མཛེས་མ།

མཛེས་པའི་ཡུལ་ལྗོངས།

སྟོན་དུས་ཀྱི་བོད་གྲོང་།

སྟོན་དུས་ཀྱི་རོང་བྲག་རྫོང་ནི་ཚོན་མདངས་རྣམ་པར་བཀྲ་ཞིང་མཛེས་སྡུག་ལྡན་པ་ཞིག་ཡིན་ལ། གནམ་གཤིས་ཀྱི་དྲོ་གྲང་སྙོམས་ཤིང་དམིགས་བསལ་གྱི་ས་གཤིས་ཆགས་ཚུལ་དང་ཆུའི་ཐོན་ཁུངས་འབེལ་བས་རོང་བྲག་གི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས། སྡོང་ལོ་དམར་སེར་གྱུར་ཅིང་རི་རྩེར་ཁ་བས་བཀླུབས་པ་དང་།ཞིང་རའི་བཀོད་པ་རི་མོ་ལྟར་མཛེས་པས་ཡུལ་སྐོར་བ་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག། རོང་བྲག་རྫོང་གི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱེད་ཤུགས་ཆེ་རུ་ཕྱིན་ཞིང་། ཀྲུང་གོའི་ཆེས་མཛེས་པའི་གྲོང་སྡེ་དང་ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་སྡེ། གནའ་བོའི་མཁར་རྫོང་དང་བོད་གྲོང་། མཛེས་མའི་ལུང་པ། རང་བྱུང་ས་གཤིས་རིག་པའི་དངོས་མང་ཁང་སོགས་ཡུལ་སྐོར་ཚབ་མཚོན་གྱི་ཟོང་རྟགས་གྲགས་ཅན་མང་པོ་རོང་བྲག་རྫོང་གི་མིང་གི་རྣམ་གྲངས་སུ་གྱུར་པ་རེད།།