国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཡག་མདོ་མྱུར་ལམ་གྱི་རི་བརྒལ་ལུང་པའི་ཟམ་ཆེན་ཕྱོགས་ གཉིས་པོར་རླངས་འཁོར་ཤར་གཏོང་ཐུབ་ཡོད།

རླངས་འཁོར་རི་བརྒལ་ལུང་པའི་ཟམ་ཆེན་གྱི་གཡོན་ལམ་དུ་སྐྱོད་བཞིན་པ།

བསྐྱར་སྐྲུན་བྱས་རྗེས་ཀྱི་རི་བརྒལ་ལུང་པའི་ཟམ་ཆེན་གཉིས་པོ།

སྤྱི་ཟླ11ཚེས9ཉིན་གྱི་ཆུ་ཚོད10པ་ནས་ཉིན99རིང་བསྐྱར་སྐྲུན་བྱས་པའི་གཡག་མདོ་མྱུར་ལམ་གྱི་རི་བརྒལ་ལུང་པའི་ཟམ་ཆེན་ཕྱོགས་གཉིས་པོར་རླངས་འཁོར་ཤར་གཏོང་ཐུབ་པར་བྱུང་།

ཁྲོན་ལམ་ཚོགས་པས་བཙུགས་པའི་བསྐྱར་སྐྲུན་ལས་གཞི་ཚོགས་པས་ཉིན99རིང་གི་བསྐྱར་སྐྲུན་བརྒྱུད་རིམ་ནང་དཀའ་ངལ་མང་པོ་ཁྱད་དུ་བསད་དེ་གནས་སྐབས་ཀྱི་འཚུབ་བསྟུན་བགྲོད་ལམ་གྱི་བསྐྲུན་བཤིག་ལས་ཀ་ལེགས་གྲུབ་བྱུང་བར་མ་ཟད། ཡུན་རིང་གཏན་འཇགས་ཀྱི་ཟམ་པ་གཉིས་ཀྱི་འཛུགས་སྐྲུན་ལས་འགན་ལེགས་གྲུབ་བྱུང་ནས་ཕྱོགས་གཉིས་ཀྱི་ཟམ་པར་རླངས་འཁོར་ཤར་གཏོང་ཐུབ་པར་བྱུང་ཡོད།།