སྡེ་རོང་རྫོང་ཚེའུ་ཡུལ་ཤོག་ཁམ་རྭ་གྲོང་སྡེའི་ནོར་གནག་ནི་སྐྱེས་སྟོབས་དང་ཤ་ཤེད་བཟང་ཞིང་། ཡུལ་ཤོག་འདིའི་ས་བབ་ཀྱང་ཡག་མོ་ཡོད་པས་ནོར་གནག་གསོ་བའི་ཐོན་ལས་གསར་གཏོད་རིམ་གྱིས་དར་བཞིན་ཡོད་པ་རེད།
ཁམ་རྭ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏང་ཆེད། 2024ལོར་ཏཱ་ཐང་སི་ཁྲོན་སྤྱི་གཉེར་ཁང་གི་གྲོང་སྡེར་བཅའ་སྡོད་ལས་དོན་རུ་ཁག་གིས་ཡུལ་སྡེ་དར་རྒྱས་ཀྱི་རོགས་སྐྱོར་ལས་དོན་བཀོད་སྒྲིག་གི་བླང་བྱ་གཞིགས་ནས་བརྟག་ཞིབ་བྱས་མཐར་བཅའ་སྡོད་བྱ་ཡུལ་གྱི་ཏང་སྲིད་དང་འབྲེལ་ལམ་བཙུགས་ཤིང་དེ་གའི་ཐོན་ཁུངས་དང་ཟུང་འབྲེལ་བྱས་ནས་ནོར་གནག་གསོ་སྤེལ་དང་ཐུན་མོང་དཔལ་འབྱོར་ཟུང་དུ་འབྲེལ་བའི་གཉིས་ཕན་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་པ་རེད།
ཧྲུའུ་ཅི་དང་པོ་ཧོང་ཀུང་ཞང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ནོར་གནག་གསོ་ཚགས་ལས་གཞི་སྤེལ་འགོ་ཚུགས་པ་ནས་བཟུང་གཅིག་གྱུར་གསོ་ཚགས་དང་གཅིག་གྱུར་དོ་དམ། གཅིག་གྱུར་ཕྱིར་ཚོང་། གཅིག་གྱུར་ཞིབ་རྩིས་བཅས་ཟུང་འབྲེལ་བྱས་ཤིང་། ཐོག་མར་ནོར་གནག73ཉོས་པ་ནས་ད་ལྟ་ནོར་གནག100ལྷག་ལ་འཕེལ་ཡོད་ལ། ལོ་ལྟར་ནོར་གནག10ཙམ་ཕྱིར་བཙོང་བཞིན་ཡོད་པ་དང་། དེ་བཞིན་འོ་མ་དང་མར། ཕྱུར་བ་སོགས་ཞོར་གཏོགས་ཐོན་རྫས་ཚུད་པའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི17ལྷག་ལ་ཟིན་ཏེ། དེ་ལས་སྒོར་ཁྲི12མང་ཚོགས་ལ་བགོས་ནས་དུད་ཚང་རེར་ཡོང་འབབ་སྒོར3500བྱུང་བ་རེད། ཡོང་འབབ་ལྷག་མ་ནི་གྲོང་སྡེ་ཐུན་མོང་ལ་དབང་ཞིང་གཙོ་བོ་རྟེན་གཞིའི་གཞི་རྩའི་འཁོར་སྐྱོད་རྒྱུན་འཁྱོངས་བྱེད་པར་སྤྱད་རྒྱུ་རེད།།
( ཡེ་ཤེས་ཀྱིས་བསྒྱུར།)