国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






(པར་ངོས་དང་པོར་མཐུད།)

《སྲོལ་ཡིག》ལ་ཁྱོན་ལེའུ8དང་དོན་ཚན92ཡོད་པ་དང་། དམག་ཨུས་དོ་དམ་གཙོ་བོ་བྱེད་པ་དང་། འཐབ་ཁུལ་གཡུལ་ས་གཙོ་བོར་བྱེད་པ། དམག་རིགས་འཛུགས་སྐྱོང་གཙོ་བོར་བྱེད་པ་བཅས་ཀྱི་སྤྱིའི་རྩ་དོན་གཞིར་བཟུང་སྒྲིག་སྲོལ་གསར་པ་དང་སྒྲིག་ཁོངས་གསར་པའི་འོག་གི་དམག་དཔུང་གི་གོ་མཚོན་འགན་ལེན་ལས་དོན་གྱི་ལམ་སྲོལ་ཚད་ལྡན་དུ་གཏོང་བ་དང་། རིམ་ཁག་གོ་མཚོན་འགན་ལེན་སྡེ་ཚན་གྱི་འགན་ནུས་ཁ་གསལ་བཟོ་བ། གོ་མཚོན་འགན་ལེན་གྱི“མཁོ་སྤྲོད་དང་། དོ་དམ། ལེགས་སྒྲིག”བཅས་ཀྱི་ལམ་སྲོལ་གོ་རིམ་ལེགས་སུ་གཏོང་བ། གོ་མཚོན་འགན་ལེན་ལས་དོན་གྱི་བཙན་ཐབས་འཆུན་འདོམས་ལ་ཤུགས་སྣོན་པ་བཅས་བྱས་ནས་དམག་དཔུང་གི་གོ་མཚོན་འགན་ལེན་ལས་དོན་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད།། ( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)