ས་མཐའི་ས་མཐའ་ཞིག་ནས།།
མི་རྐྱང་འཚོ་བའི་ཁྲོད་ཀྱི།།
སེམས་པའི་མེ་ལོང་ངོས་ལ།།
རྒྱང་རིང་མཛའ་མོ་དྲན་བྱུང་།།
ཞལ་རས་ཡིད་ལ་ཤར་ནས།།
དུང་བ་སེམས་ལ་འཁོར་ནས།།
ཁེར་རྐྱང་མཚན་མོ་འགའ་རེར།།
དམ་དུ་འཁྱུད་ན་འདོད་ཡོང་།།
སྙིང་སྡུག་སྙིང་ལ་ཤར་བྱུང་།།
སྙིང་གི་དཀྱིལ་ནས་འཚེར་བྱུང་།།
སྙིང་ཆུང་དམར་པོའི་ཤེད་ན།།
སྙིང་སྡུག་ལས་གཞན་མི་འདུག།
ཚིག་གསུམ་བཤད་པ་དྲན་བྱུང་།།
ནུབ་གསུམ་རུམ་པ་དྲན་བྱུང་།།
སྙིང་གི་འཕར་ལྡིང་ཁྲོད་ནས།།
འོ་ཞིག་བྱས་པའང་དྲན་བྱུང་།།
ཡང་བསྐྱར་མཇལ་ན་བསམ་བྱུང་།།
སླར་ཡང་འཛོམ་ན་བསམ་བྱུང་།།
ཞལ་རས་ཟླ་བ་འདྲ་བོ།།
ཡང་ཡང་མཐོང་ན་བསམ་བྱུང་།།
བརྩེ་དུང་འོ་ཆུ་འདྲེས་ས།།
སྡེ་གྲོང་ཕྲ་མོའི་དཀྱིལ་རེད།།
དྲན་གདུང་མིག་ཆུ་འཐོར་ས།།
ས་མཐའི་ས་མཐའ་ཞིག་རེད།།
དྲན་ནས་དྲན་པ་བཟི་སོང་།།
དྲན་པའི་རླབས་རྒྱུན་གཡོ་བྱུང་།།
དྲན་པ་དྲན་ཁོ་ཁྱོད་རང་།།
དྲན་པའི་འཕྲིན་པ་བསྐུར་ཡོད།།