དམར་ཁ་ཚ་དངོས་མིང་ལ་ཡ་མ་ཚེ་རིང་ཟེར། ༢༠༠༣ལོར་བོད་ལྗོངས་འཇོ་མདའི་འབྲོག་སྡེ་དཀྱུས་མ་ཞིག་ཏུ་སྐྱེས། ལོ་བཅུ་དྲུག་ཡན་མན་ཙམ་ནས་བཤད་གྲྭར་འགྲིམས་ཤིང་དེ་ནས་སྙན་ངག་འབྲི་བར་དགའ་མོས་ཡོད་པར་ཆགས། སྙན་ངག་གི་སྡིངས་ཆ་ཆེན་མོ“ང་རོའི་ཆོ་འཕྲུལ་ཚང”གི་ཚོགས་མི་ཡིན་ཞིང་སྔ་རྗེས་སུ་བརྩམས་ཆོས་འགའ་དེབ《གུར་གུམ་གསར་བའི་ཆུན་པོ།》《སྲིད་པའི་གཏོ་སྒྲོམ།》《གངས་དཀར་རི་བོ།》《པདྨའི་ཚལ།》《འདན་གླིང་རྩོམ་རིག》སོགས་དང་། ཚགས་པར། 《གཏེར་ལུང་ན་གཞོན་ཚགས་པར།》《གཞིས་ཀ་རྩེ་ཉིན་རེའི་ཚགས་པར།》《རྔ་བའི་གསར་འགྱུར།》《ཁམས་པའི་ཚགས་པར།》སོགས་སུ་བཀོད་མྱོང་ལ། བརྩམས་ཆོས་འགའ་ལ་བྱ་དགའ་ཐོབ་མྱོང་། ད་ལྟ་ནང་བསྟན་ལ་ཐོས་བསམ་སློབ་གཉེར་བྱེད་ཀྱིན་ཚོར་བས་ཟིན་པའི་སྙན་ངག་མི་ཉུང་བ་ཞིག་འབྲི་བཞིན་མཆིས་སོ།།