ཉེ་ཆར།བྲག་མགོ་རྫོང་ལི་སྟོད་སློབ་འབྲིང་གིས་ཀྲུང་ཧྭའི་གསུང་རབ་གྱེར། མི་ཚེ་འོད་དུ་གསལ་ཞེས་པའི་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ་ཏེ་སློབ་མའི་ཤེས་ནུས་འཇོན་གསུམ་གོང་འཕེལ་གཏོང་བ་དང་སློབ་མའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྔོག་འདོན་བྱེད་པ། འཛིན་གྲྭའི་ནང་ཁུལ་གྱི་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བ་སོགས་ལ་དམིགས་ནས་ཐུན་མོང་ངམ་འཛིན་གྲྭ་སྤྱིའི་མཉམ་གྱེར་བྱས་པའི་སྙན་ངག་དང་མི་སྒེར་རམ་འཛིན་གྲྭ་རེའི་སློབ་མ་གཅིག་རེ་ཡིས་སྙན་ངག་གྱེར་འདོན་གྱི་ལེ་ཚན་གཉིས་སུ་ཕྱེ་ནས་སྤེལ།
སློབ་གྲོགས་ཚོའི་ངག་གི་འགྱུར་ཁུགས་དང་ལུས་ཀྱི་ཉམས་འགྱུར། སྤོབས་པའི་དཔའ་གདེང་བཅས་ཀྱིས་ཡོངས་སུ་གཏམས་པའི་འགྲན་སྡུར་བྱས་མཐར་འཛིན་གྲྭ་ལྔ་དང་སློབ་གྲོགས་བཅུ་ལ་ཐེངས་འདིའི་སྙན་ངག་གྱེར་འདོན་འགྲན་སྡུར་ལས་བྱ་དགའ་ཐོབ་པ་རེད།།
( ཉི་གཞོན་གྱིས་བྲིས་ཤིང་པར་བླངས།)