བརྩེ་བའི་མེ་ཁ་འབར་བའི་བདག་སེམས་ལ།།
དྲན་པའི་འཁྲི་ཤིང་མ་འཐོར་ལུས་པར་གྱུར།།
དེ་ལྟ་ན་ཡང་སེམས་ཀྱི་ཁུགས་པ་རུ།།
འཕྲད་པའི་སྙེ་མ་ཡང་ཡང་ཐོར་བར་གྱུར།།
བདག་གིས་ཁྱེད་ཞལ་མཇལ་བའི་ཁུགས་སོ་ནས།།
སེམས་ཀྱི་སྤུ་ལོང་ཡང་ཡང་གཡོ་ན་ཡང་།།
སྨྲ་བའི་རྒྱུད་མངས་འཁྲོལ་བའི་དཔའ་བོའི་གདེང་།།
སྤོབས་པའི་ཡུ་བ་ཡང་ཡང་ཟིམ་པར་གྱུར།།
མིག་ལ་ཞེ་འདང་ཆགས་པའི་མདའ་མོ་ལ།།
བདག་སེམས་གཞུ་མོ་ཡང་ཡང་བཀུག་གྱུར་ཀྱང་།།
ལས་ཀྱི་ཕྲེང་ཐག་བོར་བའི་ལམ་ཆེན་ནས།།
ཡིད་ཀྱི་སྨེང་བ་མཛའ་བ་མོ་རུ་འཐེན།།
༼ བོད་ཚྭ་ཁུ། ༽