国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞི་ཅིན་ཕིང་གིས་དུས་རབས་གསར་པའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་ཐད་མཛུབ་སྟོན་གལ་ཆེན་གནང་དོན།

ཀྲུང་གོའི་ས་གཞི་ཆེན་པོར་གཞི་ཚུགས་ཤིང་། ཀྲུང་ཧྭའི་རིག་གནས་ཀྱི་འཕེལ་རྒྱུན་མུ་མཐུད་འཛིན་སྐྱོང་དང་། རིག་གཞུང་གི་རྨང་གཞི་ཟབ་ཏུ་གཏོང་བ་བཅས་བྱས་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་བར་བྱས་རྗེས་འབུལ་དགོས།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ11ཚེས29ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་ནི་ཏང་གི་དགོངས་པ་དང་རིགས་པའི་གཞུང་ལུགས་འཛུགས་སྐྱོང་གི་རྨང་གཞིའི་འདུ་འགོད་དང་འཐབ་ཇུས་འདུ་འགོད་ཅིག་རེད། ལོ20ཡི་རིང་འདུ་འགོད་དེས་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་སྤུས་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་འབོར་ཆེན་བཏོད་ཡོད་ལ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཞིབ་འཇུག། དྲིལ་བསྒྲགས་བཅས་བྱེད་པ་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཡང་བཏོན་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོང་དགོས་ཤིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུར་དམིགས་ཏེ། མ་ལག་ཅན་དང་རིགས་ལམ་ཅན་ལ་ཞིབ་འཇུག་འཆད་འགྲེལ་གཏིང་ཟབ་བྱེད་པ་དང་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཧུར་ཐག་གཏོང་བར་ཤུགས་བརྒྱབ་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་སུ་སྔར་བས་གཏིང་ཟབ་ཟུག་པར་སྐུལ་བ་དང་། “ཟུང་འབྲེལ་གཉིས”མཐའ་འཁྱོང་དགོས་ཤིང་། ཀྲུང་གོའི་ས་གཞི་ཆེན་པོར་གཞི་ཚུགས་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་འཕེལ་རྒྱུན་མུ་མཐུད་འཛིན་སྐྱོང་བྱེད་པ། རིག་གཞུང་གི་རྨང་གཞི་ཟབ་ཏུ་གཏོང་བ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་རང་བརྟེན་ཤེས་བྱའི་མ་ལག་མགྱོགས་མྱུར་འཛུགས་པ། བྱང་ཚད་མཐོ་བའི་རིགས་པའི་གཞུང་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་དེ་བས་ཆེ་བ་འབུལ་དགོས།

མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་ཀྱི་ལས་དོན་ཚོགས་འདུ་ད་ལོའི་ཟླ་བ11ཚེས29ཉིན་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུར་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

( པར་ངོས་གཉིས་པར་གཟིགས།)