( པར་ངོས་དང་པོར་མཐུད།)
ཚའེ་ཆིས་གསུང་བཤད་གནང་སྐབས་མཛུབ་སྟོན་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་ཀྱི་གནས་བབ་དང་ནུས་པར་རྒྱས་བཤད་གཏིང་ཟབ་གནང་བ་དང་། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཞིབ་འཇུག། དྲིལ་བསྒྲགས་བཅས་ལ་སྐུལ་་བའི་ལས་འགན་དང་བླང་བྱ་ཁ་གསལ་བཏོན་གནང་ཡོད། “ཟུང་འབྲེལ་གཉིས”མཐའ་འཁྱོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བའི་རེ་བ་ནན་པོ་བཏོན་གནང་ནས། དུས་རབས་གསར་པའི་འདུ་འགོད་ལག་བསྟར་བྱ་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད།
ཚའེ་ཆིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་ལ་ཤུགས་བརྒྱག་རྒྱུར་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ། མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་ལ་ལན་ཟབ་རྒྱས་བསྐྱོན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་གི་ཁ་ཕྱོགས་དང་། དམིགས་ཚད། གཞི་རྩའི་རྩ་དོན། རྩ་བའི་ལས་འགན། གཙོ་གནད་ལས་དོན་བཅས་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་ཡོད། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས་པར་མ་ཟད། མཐུད་སྦྲེལ་གྱིས་སློབ་སྦྱོང་དང་གོ་བ་ལེན་དགོས་ལ་གཞི་གཅིག་ནས་ལག་བསྟར་དང་དོན་འཁྱོལ་ཡང་བྱེད་དགོས།
ཚའེ་ཆི་ཡིས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་གསར་གཏོད་བྱེད་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། ཞིབ་འཇུག། དྲིལ་བསྒྲགས་བཅས་བྱ་རྒྱུ་རྩ་བའི་ལས་འགན་དུ་བརྩིས་ནས། སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་དང་། མ་ལག་ཅན་དང་རིགས་ལམ་ཅན་ལ་ཞིབ་འཇུག་འཆད་འགྲེལ་གཏིང་ཟབ་བྱེད་པ། དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་ཡིད་དབང་འཕྲོག་ཤུགས་དང་ཡིད་དབང་འགུགས་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ཞིབ་ཕྲའི་དོན་དངོས་གནད་དོན་ལ་ལན་ཟབ་མོ་འདེབས་པ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ། “ཟུང་འབྲེལ་གཉིས་”ལ་ཞིབ་འཇུག་དང་ཁོང་དུ་ཆུད་པར་རྒྱུན་ཆད་མེད་པར་ཤུགས་རྒྱག་པ་བཅས་བྱས་ཏེ། རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གསོན་ཤུགས་མུ་མཐུད་འཕེལ་བར་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་དུས་རབས་ཀྱི་བླང་བྱ་དང་འཚམ་ཞིང་ཀྲུང་གོའི་དོན་དངོས་ལ་གཞི་ཚུགས་ནས། མཚོན་རྟགས་རང་བཞིན་གྱི་གོ་དོན་དང་ཐོག་མའི་གསར་གཏོད་རང་བཞིན་གྱི་རིགས་པའི་གཞུང་ལུགས་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་བརྡར་བཅད་དང་ཕྱོགས་སྡོམ་བྱས་ཏེ། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་རང་ཚུགས་ཤེས་བྱའི་མ་ལག་འཛུགས་པར་སྐུལ་འདེད་གཏང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྐུལ་ལྕག་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གཞུང་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས། སྤྱི་འདོམས་ནུས་པ་ལྡན་པ་དང་། དོ་དམ་ཚན་རིག་དང་མཐུན་པ། གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་རྣམ་པ་གང་མགྱོགས་ཆགས་པར་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།། ( མི་དམངས་དྲ་བ་ནས་དྲངས།)